ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་རྒྱུད་ཀྱི་ལྗོངས་ཁུལ་པོ་ཏ་མཚོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    པོ་ཏ་མཚོ་མཛེས་ལྗོངས་ཁུལ་ནི་མཚོ་བོད་ས་མཐོའི་ཤར་ལྷོའི་མཐའ་མཚམས་དང་ཡུན་ནན་གྱི་ནུབ་བྱང་རྒྱུད། གཙང་གསུམ་མཉམ་བཞུར་འཛམ་གླིང་རང་བྱུང་ཤུལ་བཞག་ལྟེ་བའི་ཁུལ་དུ་གནས་ཤིང་།སྐྱེ་དངོས་སྣ་མང་རང་བཞིན་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས་ས་གནས་དེ་གའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་བང་མཛོད་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས།རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བེད་སྤྱོད་བྱེད་པར་གལ་འགངས་ཤིན་ཏུ་ཆེ་བའི་ནུས་པ་ལྡན་ཡོད། པོ་ཏ་མཚོ་མཛེས་ལྗོངས་ཁུལ་ནི་བལ་འཐག་མཚོ་རྒྱལ་སྤྱིའི་འདམ་ར་གལ་ཆེན་དང་ཞོ་རྡོ་མཚོ་མཛེས་ལྗོངས་ཁུལ་སོགས་ལས་གྲུབ་པ་དང་།སྤྱིའི་རྒྱ་ཁྱོན་སྤྱི་ཆིང་60210་ཟིན་པ་དང་མཛེས་ལྗོངས་ཁུལ་གྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2347ནས་སྨི་4670བར་འཕར་བས་རྒྱ་མཚོའི་ངོས་ལས་མཐོ་ཚད་ཧེ་བག་སྨི་2300ཟིན་ཡོད། པོ་ཏ་མཚོ་མཛེས་ལྗོངས་ཁུལ་དུ་མཚེའུ་འདམ་ར་དང་།ནགས་ཚལ། རྩྭ་ཐང་། ཆུ་ཕྲན། རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་སོགས་ཡོད་པ་དང་།གནམ་སྔོན་པོ་དང་སྤྲིན་དཀར་པོའི་འོག་གི་རི་མཐོའི་རྩྭ་ཐང་དང་དྭངས་ཤིང་གསལ་བའི་མཚེའུ་ཡིས་མཛེས་སྡུག་གི་རི་མོ་གྲུབ་ཡོད།