ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང་ཐེངས་བཅུ་གཉིས་པ་དང་བརྗོད་དོན་གཙོ་བོའི་སློབ་གསོ་གཅིག་སྡུད་སློབ་སྦྱོང་ཐེངས་ལྔ་པ་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ12པའི་ཚེས་8ཉིན་གྱི་ཕྱི་དྲོར།  ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་2023ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བཅུ་གཉིས་པ་དང་བརྗོད་དོན་གཙོ་བོའི་སློབ་གསོ་གཅིག་སྡུད་སློབ་སྦྱོང་ཐེངས་ལྔ་པ་བྱས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་སློབ་སྦྱོང་གཙོ་སྐྱོང་གནང་དུས་ནན་བཤད་གནང་དོན།  ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྟག་དཔྱད་ཞིབ་འཇུག་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་ལ། ཁུལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ལས་དོན་གྱི་དྲང་སྲུང་གསར་གཏོད་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་"ལས་སྒྲུབ་"ཀྱི་ཕན་འབྲས་ཐོག་ནས་"སློབ་སྦྱོང་"གི་གྲུབ་འབྲས་མངོན་པར་བྱེད་དགོས།

        ཐེངས་འདིའི་སློབ་སྦྱོང་དེ་མི་སྒེར་གྱི་རང་སྦྱོང་དང་གཅིག་སྡུད་སྤེལ་རེས་དང་ཞིབ་བསྡུར་ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱད་ནས་སྤེལ་ཏེ།ཡུས་ཧྲེང་ཞང་དང་།  མིའོ་ཡིའུ་ཧྥ། རྒྱ་མཚོ། ཁྲེན་ཆོན།  ལུའུ་ཀྲི་ཅུན། ཀྲོའུ་ཅན་པིན་བཅས་ཀྱིས་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་གཏམ་བཤད་བྱས་པ་རེད།

        ལུའོ་ཁྲའོ་ཧྥེང་གིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས་བསྟན་དོན།ཇི་མ་ཇི་བཞིན་སློབ་སྦྱོང་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་དོན་སྙིང་གལ་ཆེན་དང་ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་གྱི་བླང་བྱ་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་བྱེད་དགོས། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ལས་དོན་ཚོགས་འདུ་དང་། ཁུལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ལས་དོན་ཚོགས་འདུ་དང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ཁག་གཙང་བཤེར་དང་དམ་འཛིན་ཡག་པོ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་སེམས་ནུས་གཅིག་སྒྲིལ་དང་བླ་སྲོག་གཏོད་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་།   གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་ཤུགས་ཆེན་བཏང་ནས་ཤེས་དཔལ་སྐྱེད་སྲིང་དང་ཤེས་དཔལ་ལག་ལེན་དང་ཤེས་དཔལ་སྲོལ་གཏོད་ལ་སྔར་བས་སྐུལ་འདེད་བཏང་སྟེ་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཉེན་ཁར་དོགས་ཟོན་དང་སེལ་ཐབས་ནུས་ལྡན་མཐའ་གཅིག་ཏུ་བྱེད་པ་དང་།    དྲ་རྒྱ་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཁུལ་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྟག་དཔྱད་ཞིབ་འཇུག་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་འཇོན་ཐང་ཆེ་རུ་གཏོང་བ་དང་། གནད་དོན་ཐག་གཅོད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་བརྟག་དཔྱད་ཞིབ་འཇུག་གི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

        ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཁོངས་མི་དང་འབྲེལ་ཡོད་འགོ་ཁྲིད་སློབ་སྦྱོང་ནང་ཞུགས་ཡོད་པ་རེད།