ཀྲང་ཝེ་ཏུང་གིས་སློབ་གྲྭ་དང་བུ་བཅོལ་ཁང་དུ་སློབ་གསོ་དང་སློབ་ཁྲིད་ལས་ཀར་བརྟག་ཞིབ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ12པའི་ཚེས་11ཉིན་གྱི་ཕྱི་དྲོར།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྲོང་ཁུལ་གྱི་སློབ་གྲྭ་དང་བུ་བཅོལ་ཁང་ཁག་གཅིག་ཏུ་བསྐྱོད་དེ་ཡུལ་དངོས་ནས་རྨང་གཞིའི་སློབ་གསོ་དང་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་དེ་བཞིན་ལས་ཀའི་གཞི་གྲངས།  སློབ་གྲྭའི་བདེ་འཇཊ་ལས་དོན་དང་དེ་བཞིན་རྒྱུན་གཏན་གྱི་བྱེད་སྒོ་སྤེལ་ཚུལ་ལ་བརྟག་ཞིབ་བྱས་པ་རེད།

        ཀྲང་ཝེ་ཏུང་དང་བཅས་པ་སྔ་རྗེས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ལྟེ་བའི་བུ་བཅོལ་ཁང་ཉི་ཤར་ཡན་ལག་བུ་བཅོལ་ཁང་དང་ཁོའེ་ལེ་ཉའོ་བུ་བཅོལ་ཁང་།            སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བུ་བཅོལ་ཁང་།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སློབ་འབྲིང་གཉིས་པ་བཅས་སུ་ཕེབས་ནས་ཡུལ་དངོས་ནས་སློབ་གྲྭའི་ཁོར་ཡུག་ལ་གཟིགས་ཞིབ་གནང་བ་དང་། སློབ་གྲྭའི་སློབ་གཉེར་གཞི་ཁྱོན་དང་དགེ་རྒན་བཀོད་སྒྲིག  བདེ་འཇགས་ལས་དོན།  སློབ་མ་བསྡུ་བ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། མདུན་དུ་ལྷགས་པའི་དཀའ་ངལ་དང་གནད་དོན་འདྲི་རྩད་ཀྱང་བྱས་པ་རེད།

        ཀྲང་ཝེ་ཏུང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་སློབ་གྲྭའི་དགེ་རྒན་དང་ལས་བཟོར་བྱམས་བརྩེའི་འཚམས་འདྲི་གནང་བ་དང་ཁོང་ཚོས་དཀའ་སྤྱད་འབད་འཐབ་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།  ཁོང་གིས་སློབ་གྲྭའི་བདེ་འཇགས་དང་བཟའ་བཅའི་བདེ་འཇགས་སོགས་ཀྱི་ལས་དོན་ཁག་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ་དང་། སློབ་གྲྭའི་བཟའ་བཅའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་དགོས་ཞེས་བསྟན།

        ཀྲང་ཝེ་ཏུང་གིས་བླང་བྱ་བཏོན་དོན།  བུ་བཅོལ་ཁང་ཁག་གིས་ཕྱོགས་ཡོངས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་བྱེད་དགོས་པ་དང་།    རྒྱ་ཆེའི་དགེ་སློབ་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས་པ་མ་ཟད་དགེ་རྒན་གྱི་ལས་སྒོའི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱེད་དགོས་པ་དང་སློབ་གཉེར་བྱེད་སྟངས་གསར་གཏོད་སོགས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཕྲུ་གུ་སྐྱེ་ཐུབ་པའི་རེ་བ་སྐོང་གང་ཐུབ་བྱེད་དགོས།