བདེ་ཆེན་ཁུལ་ནགས་ཚལ་མེ་ཟོན་རུ་ཆེན་གྱིས་པོ་ཏ་མཚོ་ལྗོངས་ཁུལ་དུ་ཕྱོགས་བསྡུས་འཕྲལ་སྡོམ་ནང་སྦྱོང་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

         ཉེ་སྔོན།  ཁུལ་ནགས་ཚལ་མེ་ཟོན་རུ་ཆེན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཚལ་ཅུས་དང་། འཕྲལ་སྡོམ་དོ་དམ་ཅུས། བལ་འཐག་མཚོ་རང་བྱུང་སྲུང་སྐྱོང་ཁུལ་མངཊ་གཏོང་ཁང་། རྒྱལ་ཐང་ནགས་ར། ཁུལ་ཡུལ་སྐོར་ཚོགས་པ་སོགས་སྡེ་ཚན་དང་མཉམ་འབྲེལ་བྱས་ནས་པོ་ཏ་མཚོ་ལྗོངས་ཁུལ་དུ་ཕྱོགས་བསྡུས་འཕྲལ་སྡོམ་ནང་སྦྱོང་བྱས་ཏེ། པོ་ཏ་མཚོ་ལྗོངས་ཁུལ་དུ་དྲོད་ཚད་དམའ་བའི་གངས་འཁྱཊ་ཀྱི་གནོད་འཚེ་ཕོག་པའི་རྐྱེན་གྱིས་གློག་ལམ་མང་པོ་ཞིག་བརྡིབས་ནས་ནཊ་ཚལ་ལ་མེ་སྐྱོན་ཤོར་བར་ལད་མོ་བྱས་པ་དང་། ནང་སྦྱོང་གིས་གངས་ཆར་འཁྱགས་རོམ་གྱི་ལས་འཛོལ་དང་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱི་ཁྱད་ཆོས་ལ་དམིཊ་ནས་དཔུང་ཁག་གཅིག་གཉིས་སུ་དབྱེ་བ་དང་ས་ཁོངས་དབྱེ་ནས་དུས་གཅིག་ཏུ་གངས་འཁྱགས་ཀྱི་གནོད་འཚེ་དང་ནཊ་ཚལ་གྱི་མེ་སྐྱོན་རོགས་སྐྱོབ་བྱས་པ་དང་། རུ་ཆེན་གྱི་བཀོད་འཐབ་པའི་སྣེ་ཁྲིད་འོག་ས་གནས་ཀྱི་མེ་གསོད་དང་བླངས་པས་རྨས་མ་སྐྱོབ་རོགས་གནས་སྤོ་དང་མེ་གསོད་མི་སྐྱོབ་མགྱོགས་མྱུར་ལེགས་སྒྲུབ་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇཊ་སྲུང་སྐྱོང་བྱས་པ་རེད།