བདེ་ཆེན་གྱི་དགུན་དུས་ཡུལ་སྐོར་སྔར་བཞིན་ཚ་རླབས་འཕྱུར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ཤར་གཏོང་བྱས་པ་དང་བསྟུན།སེམས་ཀྱི་ཉི་ཟླར་ཡོང་མཁན་གྱི་ཡུལ་སྐོར་བའི་གྲངས་འབོར་མར་ཆག་མེད་པ་རེད།རྡོ་མཁར་རྫོང་ནི་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་གྱི་ཀུན་གྱིས་དོ་སྣང་བྱེད་ཡུལ་ཞིག་ཡིན་པའི་ངོས་ནས།ད་ལོ་མིག་སྔའི་བར་ཡུལ་སྐོར་བ་མི་ཐེངས་ཁྲི་700ལས་བརྒལ་བར་སྣེ་ལེན་ཞུས་ཡོད་པ་རེད། 

    རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར།བདེ་ཆེན་ཁུལ་གྱིས་སྐབས་ཐོག་མའི་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྟེང་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་པར་སྣེ་འདྲེན་གྱི་ཕན་འབྲས་ཡག་པོ་ཐོན་པའི་ཐོག་འགྲིམ་འགྲུལ་སྟབས་བདེ་ཤར་གཏོང་ཐུབ་པ་དེས་སེམས་ཀྱི་ཉི་ཟླའི་དགུན་དུས་ཀྱི་ཡུལ་སྐོར་ལ་གསོན་ཤུགས་བསྣན་པ་རེད།