མཚམས་སྤྲིན་གྱིས་རྒྱན་པའི་འབྲི་ཆུ་ཟམ་ཆེན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

     ཟླ12པའི་ཚེས10ཉིན། ས་སྲོད་ཀྱི་དུས་སུ། བདེ་ཆེན་ས་མཚམས་ཀྱི་འབྲི་ཆུའི་སྟོད་སྟག་མཆོང་གྲོག་རོང་དང་། གཡུ་ལུང་གངས་རིའི་འོག་གི་གྲོག་རོང་ཆེན་པོའི་ངོགས་གཉིས་འབྲེལ་བར་བྱས་པའི་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་དང་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འབྲི་ཆུའི་ཟམ་ཆེན་དུ་མཚམས་སྤྲིན་གྱིས་རྣམ་པར་རྒྱན་པས་བརྗིད་ཆགས་ཀྱི་མཛེས་ལྗོངས་མངོན་པར་བྱས་ཡོད།

    ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལམ་རྒྱུད་ཀྱི་གྲགས་ཅན་མཛེས་ལྗོངས་ཁུལ་སྦྲེལ་མཐུད་བྱེད་པའི་“རབ་མཛེས་ལྕགས་ལམ་”གྱིས་“སྒུལ་འཁོར་དུས་རབས་”བསུས་ཡོད་ལ་ཡུན་ལིང་ས་མཐོར་“སྒུལ་འཁོར་ཤར་གཏོང་”གི་མཛེས་ལྗོངས་ཀྱང་བཏོད་ཡོད་པ་རེད།