གྲོང་གསེབ་ཡུལ་སྐོར་གྱིས་ཞིང་པའི་དངུལ་ཁུག་ཇེ་མཐུག་ཏུ་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ནི་གཙང་གསུམ་མཉམ་བཞུར་འཛམ་གླིང་རང་བྱུང་ཤུལ་བཞག་ལྟེ་གནས་ཀྱི་ས་མཐོའི་རགས་ཁུལ་དུ་གནས་པ་དང་གྲོང་གསེབ་ཡུལ་སྐོར་གྱི་སྐྱེ་ཁམས་གནས་མཆོག་ཡིན་པ་མ་ཟད་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་དཀྱིལ་ཁུལ་ཞིག་ཀྱང་ཡིན་པ་རེད།ཐོག་མཐའ་བར་གསུམ་དུ་རྒྱལ་ཐང་གྲོང་རྡལ་བཅིངས་འགྲོལ་གྲོང་ཚོ་དང་ཉི་ཤར་གྲོང་ཚོ་ཞིང་ཆེན་རིམ་པའི་ཡུལ་སྐོར་གྲོང་ཚོ་གྲགས་ཅན་གཉིས་ཀྱིས་ནགས་ཕག་མཚོའི་མཛེས་ལྗོངས་ཁུལ་ལ་བརྟེན་ནས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ཐོན་ཁུངས་བསྡུ་སྒྲིལ་དང་ཉིང་བསྡུས་བྱས་ཏེ་གྲོང་གསེབ་དར་རྒྱས་གོང་འཕེལ་གྱི་སྒུལ་བྱེད་འཕྲུལ་འཁོར་ནུས་པ་འདོན་སྤེལ་བྱས་ནས།སྐྱེ་ཁམས་ཞིང་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་གྲོང་གསེབ་ཀྱི་ཡུལ་སྐོར་གྲངས་འབོར་གཞི་ཁྱོན་དང་དཔལ་འབྱོར་ཕན་འབྲས་མགྱོགས་མྱུར་འཕར་ནས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་ཐོན་ཡོད་པ་རེད།

ཐོན་ཟོག་བྲིན་ཚོང་བྱེད་ཚད་མང་དུ་བཏང་ནས་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་བ།

    གཅིག་ནི་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ནས་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་བ།གཉིས་ནི་ཐོན་རྫས་བྲིན་ཚོང་བྱེད་ཚད་མང་དུ་བཏང་ནས་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་བ།གསུམ་ནས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སུ་བཏང་ནས་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་བ།བཞི་ནས་ཡུལ་སྐོར་ཐོན་ཁུངས་ཀྱི་རིན་ཐང་འཕར་བར་བརྟེན་ནས་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་བཏང་བ།

ཐོན་ལས་ཀྱི་ལེགས་ཆ་གཙོ་གནད་དུ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ཁྱད་ལྡན་ཡུལ་སྐོར་སྤུས་རྟགས་གཏོད་པ།

    གཅིག་ནི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་བཏང་བ།སྲིད་འཛིན་གྲོང་ཚོ་གཉིས་ཀྱིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་“བརྩི་འཇོག་གསུམ་”དང་“མི་བྱེད་པ་བཞིའི་”རྩ་དོན་མཐའ་འཁྱོངས་བྱས་ཏེ་རང་བྱུང་ཁོར་ཡུག་ལ་བརྩི་འཇོག་དང་།གྲོང་ཚོའི་མ་གཞི་ལ་བརྩི་འཇོག མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་”བཅས་དང་“རི་མི་འདྲུ་བ་དང་།རྫིང་བུ་མི་རྒྱོང་བ།སྡོང་པོ་མི་གཅོད་པ།ཁང་པ་མི་བཤིག་པ”བཅས་མཐའ་འཁྱོངས་བྱས་པ་དང་།ཤར་རྒྱུད་དང་ནུབ་རྒྱུད་ཀྱི་རོགས་ལས་མ་དངུལ་ཡང་དང་ཐོག་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་དང་དེ་བཞིན་སྔོ་ལྗང་མཛེས་བཟོའི་འོད་སྣང་ལས་གྲྭའི་ཐོག་བཏང་ནས་གྲོང་གསེབ་ཀྱི་“བཙོག་ཟིང་ཞན་གསུམ་”གྱི་དཀའ་གནད་སེལ་བ།གཉིས་ནས་དོ་དམ་གཉེར་སྐྱོང་བྱེད་སྟངས་གསར་གཏོད་བྱས་པ།“ཀྲུང་གོའི་ཡུལ་སྐོར་རྒྱལ་སྤྱི་”ཡིས་ནགས་ཕག་མཚོའི་གྲོང་མིའི་ཚོགས་ཆུང་གི་དམངས་སྡོད་ཐོན་ལས་ལ་ཐབས་ལམ་ཁྱབ་གདལ་གཏོང་བའི་ཐད་རྒྱབ་སྐྱོར་བྱས་ཏེ་མ་གཞི་མི་གཞན་གྱིས་མི་ཤེས་པའི་གསང་བའི་ཁོར་ཡུག་དེ་ཡངས་ཤིང་རྒྱ་ཆེ་བའི་ཡུལ་སྐོར་ཁྲོམ་རར་སྐུལ་འདེད་བཏང་བ་རེད།དམངས་སྡོད་རྣམ་གྲངས་ཀྱི་རྒྱུན་མཐུད་རང་བཞིན་འགན་ལེན་བྱ་ཆེད་ནགས་ཕག་མཚོའི་ཡུལ་སྐོར་འཛུགས་སྐྲུན་རྣམ་གྲངས་ཀྱིས་གཉེར་སྐྱོང་ཕྱོགས་སྟོན་དུ་བྱས་ནས་ཇུས་འགོད་དང་འཛུགས་སྐྲུན་བྱེད་པའི་གཞི་གཅིག་ཅན་གྱི་དོ་དམ་གཉེར་སྐྱོང་བྱེད་སྟངས་སྤྱད་དེ་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་རོགས་ལས་མ་དངུལ་གཏོང་བ་དང་སྤྱི་ཚོགས་ཀྱི་མ་རྩ་གཞུང་ཁོངས་ཁེ་ལས་ཀྱི་མཐིལ་འདེགས་པ་དང་ཁེ་ལས་གསར་པའི་གཉེར་སྐྱོང་བྱེད་སྟངས་གསར་རྐྱང་ཞིག་ཆགས་ནས་རྣམ་གྲངས་ཀྱི་རིན་ཐང་བརྟན་སྲུང་དང་།གཉེར་སྐྱོང་ཡུན་རིང་།དམངས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བཅས་ཀྱི་དམིགས་ཡུལ་མངོན་འགྱུར་བྱས་པ་རེད།

ཞིང་ལས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་དར་རྒྱས་ལ་རོགས་རམ་བྱེད་པ།

    བཅིངས་འགྲོལ་གྲོང་ཚོའི་ནགས་ཕག་མཚོའི་མཐའ་འཁོར་དུ་ཁྱོན་པད་ཁ་མུའུ་800ལྷག་ཙམ་འདེབས་འཛུགས་བྱས་པ་དང་པད་ཁའི་མེ་ཏོག་གི་རྒྱ་མཚོ་དེ་དྲ་གྲགས་ཀྱི་གཱ་རྒྱག་ས་ཞིག་ཡིན་པའི་ངོས་ནས་བཅིངས་འགྲོལ་གྲོང་ཚོའི་རྟ་བཞོན་ཁྲོམ་ར་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་།ནགས་ཕག་མཚོ་རུ་རྩེད་མོ་རྩེ་བར་ཡོང་མཁན་མགྲོན་པོ་མང་པོ་ཞིག་གིས་པད་ཁའི་མེ་ཏོག་རྒྱ་ཆེན་པོ་མཐོང་རྗེས་རྟ་ར་ནས་རྟ་གཅིག་བདམས་ནས་རྟ་ཐོག་ཏུ་པད་ཁའི་མེ་ཏོག་རྒྱ་མཚོའི་མཛེས་སྡུག་ལ་རོལ་མྱོང་བྱེད་ཀྱི་ཡོད།