ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་རྒྱུད་ཀྱི་རྡོ་མཁར་རྫོང་གི་མཛེས་ལྗོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་ནི་མིག་སྔར་ཀྲུང་གོར་ཉར་ཚགས་ཡག་ཤོས་དང་ཆེ་ཤོས་ཡིན་པའི་བོད་རིགས་དམངས་སྡོད་ཚོགས་པ་ཞིག་ཡིན་པ་དང་། ལོ་ངོ་1300ལྷག་གི་ལོ་རྒྱུས་ལྡན།  འདི་ན་ནི་སྔོན་ཆད་ཡུན་ནན་ནུབ་བྱང་མི་རིགས་རིག་གནས་བརྗེ་རེས་ཀྱི་སྒེའུ་ཁུང་དང་ཡུན་ནན་དང་སི་ཁྲོན། བོད་ལྗོངས་སོགས་ས་འབྲེལ་ས་ཁུལ་གྱི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་ཐག་དང་ཇ་རྟའི་གནའ་ལམ་གྱི་ལྟེ་གནས་ཡིན།

        འདི་ན་ནི་བོད་རིགས་ཀྱིས་གཙོ་བོ་བྱས་པའི་མི་རིགས་མང་པོ་འདུས་སྡོད་ཁུལ་ཞིག་ཡིན་པ་དང་། མི་རིགས་ཁག་འཆམ་མཐུན་མཉམ་གནས་བྱེད་པ། མི་རིགས་སྣ་མང་གི་རིག་གནས་མཉམ་འདྲེས་མཉམ་གནས་དང་། འཆམ་མཐུན་འཕེལ་རྒྱས། ཕན་ཚུན་འོད་མདངས་འཕྲོ་བ་བཅས་བྱས་ཏེ་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་རིག་གནས་མཛེས་ལྗོངས་ཤིག་ཆགས་ཡོད།  

        རྡོ་མཁར་རྫོང་གི་ཟ་ཁང་མང་པོ་ཞིག་གི་ནང་ལ་འབྲི་གཡག་གི་ཞོ་དང་། ཇ་བསྲུབས་མ། རྩམ་པ།  བོད་ཕག་ཤ། ཚགས་ཤའི་རྒྱ་ཁོག་སོགས་ཀྱི་བྲོ་བ་མྱོང་ཐུབ།ད་དུང་ཁྱད་ཆོས་ལྡན་པའི་དམངས་སྡོད་མགྲོན་ཁང་དང་ན་གཞོན་མགྲོན་ཁང་མང་པོ་ཞིག་དྲ་ཐོག་ནས་སྔོན་བཀོད་དམ་ཡང་ན་ཡུལ་དངོས་ནས་འདུག་ས་འདེམས་ཆོག རྡོ་མཁར་རྫོང་དུ་པར་ལེན་ཁང་ཞིག་བདམས་ནས་བོད་ཆས་བོགས་མར་བླངས་པ་དང་དེ་ནས་མཛེས་ཆས་སྤྲས་ཏེ་མཛེས་ལྗོངས་ཁུལ་ཁག་ཏུ་བྱང་བུ་བརྒྱབ་ནས་ཡུལ་སྐོར་བྱེད་པར་བསྐྱོད་ཆོག