བདེ་ཆེན་ཡན་ལག་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོའི་ཡུལ་དངོས་ཀྱི་གཞུང་ལས་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ12པའི་ཚེས7ཉིན།2023ལོའི་ལོ་སྨད་ཀྱི་བདེ་ཆེན་ཡན་ལག་དམག་ཁུལ་ཁང་ཏང་ཨུའི་ཧྲུའུ་ཅི་དང་པོའི་ཡུལ་དངོས་ཀྱི་གཞུང་ལས་ཚོགས་འདུ་དེ་བདེ་ཆེན་ཡན་ལག་དམག་ཁུལ་ཁང་དུ་འཚོགས་ནས་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ལས་དོན་ལ་ཆེད་དོན་ཞིབ་འཇུག་དང་ཡུལ་དངོས་སུ་ཞིབ་ཕྲའི་དཀའ་ངལ་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱས་པ་རེད།

    ཁུལ་ཨུའི་ཧྲུའུ་ཅི། བདེ་ཆེན་ཡན་ལག་དམག་ཁུལ་ཁང་ཏང་ཨུའི་ཧྲུའུ་ཅི་དང་པོ་ལུའོ་ཁྲའོ་ཧྥུང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན་ཚོགས་འདུར་ཞུགས།

    ཁུལ་ཨུའི་རྒྱུན་ཨུ།བདེ་ཆེན་ཡན་ལག་དམག་ཁུལ་ཁང་གི་སི་ལིང་ཡོན་ཧྥེ་པིང་ཆང་གིས་གཙོ་སྐྱོང་གནང་བ་རེད།

    ལུའོ་ཁྲའོ་ཧྥུང་གིས་ནན་བཤད་གནང་དོན།རིམ་ཁག་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་ཆབ་སྲིད་ཀྱི་བླང་བྱ་ཁོང་དུ་ཆུད་པ་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ལས་དོན་ལ་ལྟ་སྟངས་འཛིན་པ་དང་དོན་འཁྱོལ་བྱས་ཏེ་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་གི་ཡང་དག་པའི་ཁ་ཕྱོགས་འགན་ལེན་བྱེད་དགོས།ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་དམག་དཔུང་དང་ས་གནས་ཀྱི་དམག་དམངས་མཉམ་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་དམག་དཔུང་དང་ས་གནས་དབར་མཐུན་སྦྱོར་འབྲེལ་མཐུད་དང་མཉམ་འགུལ་འབྲེལ་གཏུག་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས།རྒྱལ་སྲུང་སྐུལ་སློང་སྒྲིག་སྲོལ་བསྒྱུར་བཅོས་ཀྱི"རྩོམ་ཡིག་རྗེས་མ"དམ་འཛིན་ཡག་པོ་བྱ་རྒྱུར་མཐོང་ཆེན་བྱས་ཏེ་རྒྱལ་སྲུང་སྐུལ་སློང་དང་།རྒྱལ་སྲུང་སློབ་གསོ།རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་སོགས་ཀྱི་ལས་དོན་ཁག་གཅིག་གྱུར་འཆར་འགོད་ཀྱིས་ལེགས་པར་བསྒྲུབ་དགོས།ཕྱོགས་ཡོངས་ནས་འགན་འཁྲི་ནན་དུ་བཏང་སྟེ་དངོས་ཡོད་ཀྱི་འགལ་བ་དང་གནད་དོན་ནུས་ཤུགས་ཡོད་རྒུས་སེལ་དགོས།སྤྱོད་ཚུལ་གསར་བརྗེ་དང་ཕན་ནུས་གསར་བརྗེ་ལག་བསྟར་གཏིང་ཟབ་བྱས་ཏེ་དམག་དཔུང་དང་ས་གནས་ཕྱོགས་གཉིས་པོའི་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཐད་ཤུགས་བརྒྱབ་ནས་རྒྱུན་གཏན་རང་བཞིན་གྱི་ལས་དོན་རྒྱུན་གཏན་དུ་སྒྲུབ་པ་དང་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།ནུས་ཤུགས་ཡོད་རྒུས་ཞན་ཆ་གསབ་པ་དང་ཉམས་ཞན་སྟོབས་ཆེར་གཏོང་བ། རིམ་སྤོར་ལ་སྐུལ་འདེད་བཏང་ནས་ཕྱར་བ་གྲུ་འདེགས་ངང་ཁུལ་ཡོངས་ཀྱི་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།

    ཚོགས་འདུ་གྲོལ་རྗེས་ལུའོ་ཁྲའོ་ཧྥུང་གིས་ད་དུང་འབྲེལ་ཡོད་སྐྲུན་བཞིན་པའི་རྣམ་གྲངས་ཀྱི་ཡུལ་དངོས་སུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    ཁྲེན་ཆུན་དང་ཡུས་ཀུའེ་ཧྥུན་ཚོགས་འདུར་ཞུགས་པ།