རྣམ་འཇོམས་ཚེ་རིང་གིས་དུས་ཚིགས་བཤད་པ། ༼ ཁ་བ་ཆེ། ༽

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        ཁ་བ་ཆེ་དུས་ཚིགས་ནི་དུས་ཚིགས་ཉེར་བཞི་ནང་གི་དུས་ཚིགས་ཉེར་གཅིག་པ་ཡིན་ལ། དགུན་དུས་ཀྱི་དུས་ཚིགས་གསུམ་པ་ཡིན། ཁ་བ་ཆེ་དུས་ཚིགས་ནི་གནམ་གཤིས་ཀྱི་ཁྱད་རྟགས་མཚོན་པའི་དུས་ཚིགས་ཤིག་ཡིན་པ་དང་། “ཁ་བ”ནི་ཆུ་རླངས་གྲང་ངར་དང་འཕྲད་པའི་ཐོན་དངོས་ཤིག་ཡིན་པས་གྲང་ངར་དང་ཆར་ཆུ་མཚོན་གྱི་ཡོད། ཁ་བ་ཆེ་དུས་ཚིགས་ཀྱི་ཁྱད་ཆོས་ནི་དྲོད་ཚད་མངོན་གསལ་དོད་པོས་མར་ཆག་པ་དང་། ཁ་ཆར་འབབ་ཚད་མང་དུ་ཕྱིན་པ་དེ་རེད། ཁ་བ་ཆེ་དུས་ཚིགས་དང་ཁ་བ་ཆུང་དུས་ཚིགས་གཉིས་མཚུངས་པས། དེའི་དུས་ཀྱི་དྲོད་ཚད་དང་ཁ་ཆར་འབབ་པའི་འགྱུར་ལྡོག་འགྲོ་ཕྱོགས་མཚོན་པ་ཡིན་ཞིང་། དེ་ནི་གནའ་བོའི་རྨོ་འདེབས་རིག་གནས་ཀྱི་དུས་ཆེན་གྱིས་མཚོན་པའི་ཚུར་སྣང་ཞིག་རེད།