བྱ་སྤུའི་ལྭ་བ་འདི་དག་ཚད་ལྡན་མ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-07   རྩོམ་ཁུངས།    མི་དམངས་དྲ་བ།

        ཉེ་ཆར། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་བྱ་སྤུའི་གྱོན་ཆས་ཐོན་རྫས་ཀྱི་སྤུས་ཚད་ལ་རྒྱལ་ཁབ་ཀྱིས་ལྟ་སྐུལ་ཞིབ་བཤེར་ཐེངས་185བྱས་ཚུལ་བརྡ་ཁྱབ་བཏང་བ་རེད། དེའི་ནང་བྱ་སྤུའི་གྱོན་ཆས་ཐེངས་གྲངས་26ཚད་དང་མི་མཐུན་པ་རེད།

        བརྡ་ཁྱབ་བཏང་བར་གཞིགས་ན། ད་རེས་ཁྱོན་བསྡོམས་ཐོན་རྫས་ཐེངས་གྲངས་185ཞིབ་བཤེར་བྱས་པ་དེ་ཀྲེ་ཅང་དང་། ཧྲང་ཧའེ། ཅང་སུའུ་སོགས་ཞིང་ཆེན་6གི་ཐོན་སྐྱེད་ཚན་པ་178དང་འབྲེལ་བ་ཡོད་པ་དང་། ཐོན་རྫས་ཐེངས་གྲངས་26ཚད་དང་མི་མཐུན་པ་ཤེས་རྟོགས་བྱུང་ཡོད། དེའི་ནང་ཐེངས་གྲངས་1གི་ཐོན་རྫས་རྫུན་བཟོ་བྱས་པའི་དོགས་གཞི་ཡོད་པས་ཁོངས་གཏོགས་ཁུལ་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་དང་། ཐེངས་གྲངས་19ཡི་ཐོན་རྫས་ཀྱི་ཚི་སྣ་འདུས་ཚད་ཚད་དང་མི་མཐུན་པ་དང་། ཐེངས་གྲངས་6གི་ཐོན་རྫས་ཀྱི་སྒྲོ་སྤུ་འདུས་ཚད་ཚད་དང་མི་མཐུན་པ་རེད།