གྲོད་པ་སྟོང་པར་ཟ་མི་ཉན་པའི་ཟས་རིགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-06   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

        མི་འགའ་ཞིག་རྒྱུན་དུ་ལས་བྲེལ་ཆེ་བའི་རྐྱེན་གྱིས་སྐབས་རེ་ལྟོ་ཆས་དུས་ཐོག་ཏུ་མ་རག་པ་དང་མི་འགའ་རེ་རྩེད་མོར་གཡེངས་ནས་དུས་ཡུན་རིང་པོ་ལྟོ་ཆས་རག་གི་མེད་པས་ཁོང་ཚོས་ཟས་རིགས་མཐོང་ཚད་བཟའ་གི་ཡོད། དོན་དངོས་ཐོག་གྲོད་པ་སྟོང་པར་ཟས་རིགས་གང་བྱུང་བཟས་ན་ནད་རིགས་སྣ་ཚོགས་སློང་སྲིད་དེ། དཔེར་ན།

ཤིང་ཏོག་རིགས།


        ཤིང་ཏོག་ངང་ལག་གི་ནང་དུ་མའེ་རྒྱུ་མང་པོ་འདུས་ཡོད་པས་གྲོད་པ་སྟོང་པར་བཟས་ན་མིའི་ལུས་པོའི་ནང་དུ་མའེ་རྒྱུ་གློ་བུར་དུ་མཐོ་རུ་ཕྱིན་ནས་ཁྲག་རྩའི་ནང་གི་ཀའེ་དང་མའེ་ལ་གཏོར་བཤིག་གཏོང་བས་ཁྲག་རྩའི་འཁོར་རྒྱུག་ལ་ཚོད་འཛིན་ཕོག་ནས་ལུས་པོའི་བདེ་ཐང་ལ་གནོད་སྐྱོན་གཏོང་གི་ཡོད།

        ཀྲོ་མ་ཀྲུའུ་ཡི་ནང་དུ་ཤིང་འབྲས་ཀྱི་ཚི་དང་ཧྲེ་ཧུང་སོན་འདུས་ཡོད་པས་གལ་ཏེ་གྲོད་པ་སྟོང་པར་བཟས་ན་གོང་གི་གྲུབ་ཆ་དེ་རིགས་དང་ཕོ་བའི་ནང་གི་ཆུ་སྐྱུར་གཉིས་རྫས་འགྱུར་གྱི་འགྱུར་བ་འབྱུང་བདེ་བས་དེས་ཕོ་རྒྱུ་སྦོས་པ་དང་ན་ཟུག་གཏོང་བ་སོགས་ཀྱི་ནད་སློང་སྲིད།

གྲང་བཟོས་བཏུང་བྱའི་རིགས།

        མི་མང་པོ་ཞིག་ལུས་སྦྱོང་ཚར་རྗེས་སམ་ཡང་ན་གྲོད་པ་ལྟོགས་པའི་སྐབས་སུ་གྲང་བཟོས་ཀྱི་བཏུང་བྱའི་རིགས་མང་པོ་འཐུང་རྒྱུར་དགའ་པོ་བྱེད་ཀྱི་ཡོད། དེ་ལྟར་བཏུང་ན་ཕོ་བའི་རྒྱུ་ལམ་དང་སྙིང་ལ་ཤུགས་རྐྱེན་ཐེབས་སྟེ་གློ་བུར་རང་བཞིན་གྱི་དབང་པོ་འཁུམས་པའི་གནས་ཚུལ་ཐོན་གྱི་ཡོད། དེ་ལྟར་ཡུན་རིང་སོང་ན་གསང་རྒྱུད་ཟགས་གཤེར་དོ་མི་མཉམ་པའི་ནད་སློང་ལ་བུད་མེད་ཀྱི་ཟླ་མཚན་འཁྲུག་པ་སོགས་ཀྱི་ནད་རིགས་སློང་སྲིད།

མངར་ཆའི་རིགས།

        དབྱིན་ཇིའི་ཚན་རིག་པས་ཞིབ་འཇུག་བྱས་ནས་ཤེས་པར་གྲོད་པ་སྟོང་པར་མངར་ཆའི་རིགས་མང་པོ་བཟས་ན་དེས་ཆུའི་ནང་གི་མངར་རྒྱུ་མཐོ་རུ་ཕྱིན་ཏེ་ཁྲག་མངར་མཐོ་བ་ལས་དྲན་པ་ཐོར་བའི་ནད་སློང་སྲིད།  

ཁ་ཚ་བའི་ཟས་རིགས།

        མི་འགའ་ཞིག་ཞོགས་པ་ཡར་ལངས་མ་ཐག་ཆུ་སོགས་གང་ཡང་མི་འཐུང་བར་ལམ་སེང་ཟས་རིགས་ཚ་པོ་བཟའ་བའི་གོམས་གཤིས་ཡོད་པས་དེ་ལྟར་ཡུན་རིང་སོང་ན་རྒྱུ་ལམ་དང་འཇུ་བྱེད་མ་ལག་སོགས་ལ་ཞོར་སྐྱོན་བཟོས་ནས་ནད་གཞི་གཞན་སློང་གི་ཡོད།