སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་77་པ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ12པའི་ཚེས་4ཉིན། སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་(རྒྱས་འཛོམས་)་གྲོས་ཚོགས་ཐེངས་77པ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་ཉེ་དུས་ཞིང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།ཏང་ཨུའི་(ཏང་ཙུའུ)ཧྲུ འུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་ལས་འགན་སྒྲུབ་ཚུལ་གསལ་ཞུའི་དཔྱད་མོལ་དཔྱད་ཞིབ་བྱས་པ་རེད།

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ། 

    ཚོགས་འདུའི་ཐོག་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། འབྲི་ཆུའི་འབབ་རྒྱུད་ཀྱི་རིག་གནས་ཡུལ་སྐོར་དཔལ་འབྱོར་ཁུལ་ནང་རང་འགུལ་ངང་མཉམ་འདྲེས་ཐུབ་པ་བྱས་ནས་སྲུང་སྐྱོང་ཆེན་པོ་མཉམ་དུ་དམ་འཛིན་བྱེད་པ་ལས་གསར་སྤེལ་ཆེན་པོ་མི་བྱེད་པའི་འཐབ་ཇུས་ཀྱི་ཁྲིད་སྟོན་སྟངས་འཛིན་ནན་པོ་བྱེད་པ་དང་། སྣོད་བཅུད་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་གཙང་ཆུ་དྭངས་མོ་བདེ་ཆེན་ནས་བཞུར་བར་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད།

    ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་།ཀྲུང་གོ་གུང་ཁྲན་ཏང་གིས་ཕྱི་དོན་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྲོལ་ཡིགལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དོན་དངོས་ལ་གཞི་ཚུགས་ནས་ཕྱི་དོན་ཐོན་ཁུངས་ཀྱི་ལེགས་ཆ་དང་།ཐབས་ལམ་གྱི་ལེགས་ཆ།ལས་སྟེགས་ཀྱི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱས་ནས།ཁུལ་ཡོངས་ཀྱི་ཕྱི་དོན་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག་ཉེ་དུས་ཞིང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱེད་སྐབས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ནས་གཞི་རིམ་དུ་སྐྱོད་པ་བཞི་ཞེས་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་སྟེ།སེམས་རྣལ་དུ་ཕབ་པ་དང་བརྩེ་སེམས་ལ་བརྟེན་ནས་“ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ”དང་“སློབ་གསོ་འཕྲོད་བསྟེན་གྱི་ཞན་ཆ་གསབ་པ”“གྲོང་གསེབ་ཀྱི་གཞིས་སྲུང་བྱིས་པ་དང་གཞིས་སྲུང་རྒན་རྒོན་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ”“གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་”“གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་དང་ལེགས་སུ་གཏོང་བ”“གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་པ་ཆེ་རུ་གཏོང་བ”སོགས་དམངས་འཚོའི་དོན་དངོས་ཡག་པོ་སྒྲུབ་དགོས།དུས་མཚུངས་སུ་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་།རུལ་སུངས་ལ་རྒོལ་བའི་འཐབ་རྩོད་དང་ཐོན་ལས་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན།དྲ་འཕྲིན་དང་ཡོམ་འགོག་གནོད་སེལ་སོགས་ཀྱི་ལས་དོན་དམ་འཛིན་ལེགས་པོ་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག་2023ལོ་འཁོར་གྱི་ཏང་ཨུའི་(་ཏང་ཙུའུ་)ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱེད་པའི་ལས་འགན་སྒྲུབ་ཚུལ་གསལ་ཞུ་དང་དཔྱད་མོལ་དཔྱད་ཞིབ་བྱས་པ་དང་། རྫོང་དང་གྲོང་ཁྱེར་གསུམ་དང་ཁུལ་ཐད་གཏོགས་ཏང་(ལས་དོན་)ཨུ་ལྷན་6དང་ཁུལ་ཐད་གཏོགས་སྡེ་ཚན་3གྱི་ཏང་ཨུའི(ཏང་ཙུའུ་)ཧྲུའུ་ཅིའི་ལས་འགན་སྒྲུབ་ཚུལ་གསལ་ཞུ་ཉན་པ་རེད།ལུའོ་ཁྲའོ་ཧྥུང་གིས་ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་རེ་རེ་བཞིན་དཔྱད་བརྗོད་བྱས་ཏེ་ལས་ཀའི་གྲུབ་འབྲས་ཁས་ལེན་བྱས་ཡོད་ལ་ལྷག་པའི་གནད་དོན་དང་མི་འདང་ས་ཡང་བསྟན་པ་དང་འབྲེལ་ལེགས་བཅོས་བྱ་ཐབས་ཀྱང་བཏོན་པ་རེད།

    ཚོགས་འདུའི་ཐོག་2023ལོར་ཞིང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་ཤུགས་ཆེན་བསྟར་བ་དང་།གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་ཏན་ཏིག་བྱ་རྒྱུ་དེ་བརྟན་ལྷིང་དང་།འཕེལ་རྒྱས།སྐྱེ་ཁམས།མཐའ་མཚམས་བརྟན་ལྷིང་བཅས་དོན་ཆེན་བཞི་ལ་སྐུལ་འདེད་གཏོང་བའི་ཤུགས་རྒྱག་ས་དང་འཇུག་སྒོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ།བརྗོད་བྱ་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་ནས་ཁུལ་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱས་ཡོད།

    ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་བཞག་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་གྲུབ་འབྲས་གཞན་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུར་དམ་འཛིན་བྱས་ཏེ་“སྲོག་ཤིང་ལ་བརྩི་བཀུར་ཞུ་བ་དང་སེམས་པ་པེ་ཅིང་ལ་ཕྱོགས་པའི”བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་གཏིང་ཟབ་དང་རྒྱ་ཆེར་གཏོང་དགོས་པ་དང་།ཏང་གི་རྩ་འཛུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། དཔུང་ཁག་གི་རྨང་གཞི་བརྟན་དུ་གཏོང་བ།རིགས་དབྱེ་ཇུས་འདོན་བཅས་མངོན་གསལ་དོད་པོ་ཡོང་བ་བྱ་དགོས།གཞི་རིམ་ཏང་རྩ་འཛུགས་ཀྱི་གཅིག་གྱུར་འཆར་འགོད་ནུས་པ་དང་།རྩ་འཛུགས་ནུས་པ།ཞབས་ཞུའི་ནུས་པ་བཅས་ཆེ་རུ་གཏོང་བ་དང་།ཏང་འཛུགས་སྐྱོང་དམ་འཛིན་བྱས་ནས་བརྟན་ལྷིང་ལ་སྐུལ་འདེད་དང་།ཏང་འཛུགས་སྐྱོང་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད།ཏང་འཛུགས་སྐྱོང་དམ་འཛིན་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་བཅས་བྱ་དགོས།བརྒྱུད་རིམ་ཧྲིལ་པོར་དམ་འཛིན་ནན་པོ་དང་དམ་འཛིན་ཏན་ཏིག་བྱས་ཏེ་ལས་འགན་སྒྲུབ་ཚུལ་གསལ་ཞུའི་དཔྱད་མོལ་དཔྱད་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་བྱས་ནས་དཔྱད་ཞིབ་དཔྱད་མོལ་གྱི་འབྲས་བུ་བེད་སྤྱོད་གཏིང་ཟབ་ཏུ་བཏང་སྟེ་གཞི་རིམ་ཏང་རྩ་འཛུགས་དེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟམ་སྣེའི་བཙན་རྫོང་དང་།མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག་དང་མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།