ཉི་ཤར་ཤང་ཐང་སྟོད་གྲོང་གིས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་ནས་ཞིང་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཐང་སྟོད་གྲོང་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྐད་གྲགས་ཡོད་པའི་རྫ་ནག་དང་ཁམ་པོ་མེ་ཏོག་ཡོད་པའི་གྲོང་པ་ཡིན་ལ།   2014ལོར་རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་ཚོ་ཁག་གསུམ་པའི་མིང་ཐོ་ནང་བཅུག ཉེ་བའི་ལོ་ཤས་རིང་ཉི་ཤར་ཤང་གི་ཏང་ཨུ་དང་སྲིད་གཞུང་གིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་སྒྲིག་འཛུགས་ནན་ཏན་བྱས་ནས་གྲོང་གསེབ་ཡུལ་སྐོར་གྱིས་ཞིང་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་མཛེས་སྡུག་ལྡན་པའི་ལེའུ་ཞིག་བརྩམས་ཡོད།

        དམངས་སྲོལ་བྱེད་སྒོའི་ལེགས་ཆར་དམིགས་ནས་"དུས་སྟོན་ཡུལ་སྐོར་"འཕེལ་རྒྱས་ཤུགས་ཆེན་གཏོང་བ།

        ཐང་སྟོད་གྲོང་ནི་ཡུན་ནན་ནུབ་རྒྱུད་ཀྱི་ཡུལ་སྐོར་སྐོར་ལམ་ཆེན་པོའི་ཐོག་གནས་ལ། སེམས་ཀྱི་ཉི་ཟླ་ནས་ནུའུ་ཅང་དུ་སྐྱོད་སྐབས་ངེས་པར་དུ་བརྒྱུད་དགོས་པའི་ས་ཆ་ཞིག་ཡིན་པ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་རྒྱལ་ཁབ AAAA རིམ་པའི་ཡུལ་སྐོར་ལྗོངས་ཁུལ་ཏེ་སྨན་རི་རྒྱལ་ཁབ་སྤྱི་གླིང་དང་། འབའ་ལྷག་དཀར་རྫོང་། པད་མ་རི་བོའི་ཏན་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་སོགས་སུ་སྐྱོད་སྐབས་ངེས་པར་དུ་བརྒྱུད་དགོས་པའི་ས་ཆ་ཡང་ཡིན་པས་ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པ། སྟབས་བདེའི་འགྲིམ་འགྲུལ་གྱིས་ཐང་སྟོད་གྲོང་དེ་ལམ་ཐག་ཐུང་བའི་ཡུལ་སྐོར་གྱི་གདམ་ག་དང་པོར་གྱུར་པ་དང་། ཐང་སྟོད་གྲོང་གིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སྲོལ་རྒྱུན་དུས་ཆེན་ལ་བརྟེན་ནས་ཁྱད་ལྡན་བྱེད་སྒོ་དང་མི་རིགས་ཀྱི་དུས་སྟོན་བྱེད་སྒོ་སྤེལ་བ། ལོ་ལྟར་ཀུ་ཤུ་འཐུ་བའི་དུས་ཆེན་དང་། རོང་པའི་བྱམས་གླུའི་དུས་ཆེན། ཁམ་བུའི་མེ་ཏོག་གི་ཡུལ་སྐོར་སོགས་ཀྱི་བྱེད་སྒོ་སྤེལ་ནས་མི་རིགས་མཐུན་སྒྲིལ་གྱི་བློ་སེམས་གཅིག་མཐུན་རི་མོ་མཉམ་དུ་འབྲི་བ་དང་ལམ་ཐག་ཐུང་བའི་ཡུལ་སྐོར་གྱི་སྐད་གྲགས་ཆོད་པའི་དུས་མཚུངས་སུ་མགྲོན་པོ་སྣེ་ལེན་བྱེད་པའི་མི་གཡང་འདྲེན་ཡོད། 2023ལོ་ནས་བཟུང་ཁྱོན་བསྡོམས་ཡུལ་སྐོར་བ་15000ལྷག་སྣེ་ལེན་ཞུས་ཡོད།

        བྲོ་བ་ལྡན་པའི་ཞིམ་ཟས་དང་སིལ་ཏོག་ལ་དམིགས་ནས་"ཞིམ་ཟས་ཡུལ་སྐོར་"འཕེལ་རྒྱས་ཤུགས་ཆེན་གཏོང་བ།

        གཅིག་ནི་ཉི་ཤར་ཤང་གི་ཁྱད་ལྡན་ཞིམ་ཟས་ཉི་ཤར་བྱ་ལེགས་བཟོ་བྱེད་དེ། མིག་སྔའི་བར་དུ་ཤང་ཡོངས་ཀྱིས་ཉི་ཤར་བྱ་ཁྲི་26བཤས་བཏང་བ་དང་། ཐང་སྟོད་གྲོང་གི་ཞིང་དུད་51གིས་རང་བདག་གཉེར་སྐྱོང་ངམ་ཡང་ན་ཀུང་སི་དང་མཉམ་འབྲེལ་བྱས་ནས་ཉི་ཤར་བྱ་ཚོང་ཁང་48གཉེར་སྐྱོང་བྱས་ཡོད་ལ། དུད་ཚང་རེའི་ཆ་སྙོམས་ལོ་རེའི་ཡོང་འབབ་སྒོར་ཁྲི30ཟིན་ཡོད། གཉིས་ནི་ཉི་ཤར་ཤང་ཐང་སྨད་ཀུ་ཤུའི་ཁྱད་ཆོས་དར་སྤེལ་གཏོང་སྟེ། ཀུ་ཤུ་འཐུ་བའི་དུས་སྐབས་སུ་ཡུལ་སྐོར་བ་ཤིང་འབྲས་ལྡུམ་རར་འཐུ་བར་ཡོང་རྒྱུའི་ཡིད་དབང་བཀུག་ནས་ཡུལ་སྐོར་བ་ངལ་རྩོལ་ནང་ཞུགས་པའི་སེམས་ཁམས་སྐོང་བ་དང་ཆབས་ཅིག  ཉི་ཤར་གྱི་རིག་གནས་དྲིལ་བསྒྲགས་བྱས་ཏེ་ཉི་ཤར་གྱི་ཡུལ་སྐོར་འཕེལ་རྒྱས་བཏང་ཡོད། ཞིང་དུད་དུད་ཚང་རེར་ཆ་སྙོམས་ཀུ་ཤུའི་ཡོང་འབབ་སྒོར་ཁྲི3ནས4བར་ཟིན་པ་དང་ཀུ་ཤུའི་ཡོང་འབབ་དེ་ཐང་སྨད་ཀྱི་གྲོང་མིའི་ཡོང་འབབ་ཡོང་ཁུངས་གཙོ་བོའི་གྲས་ཤིག་ཏུ་གྱུར་ཡོད།

        དངོས་མིན་རིག་གནས་ཤུལ་བཞག་གི་ལེགས་ཆ་ལ་དམིགས་ནས་“རྫ་ནག་ཡུལ་སྐོར་”འཕེལ་རྒྱས་ཤུགས་ཆེན་གཏོང་བ།

        ཉི་ཤར་རྫ་ནག་ལ་སྐད་གྲགས་སྔར་ནས་ཡོད་པ་དང་། 2008ལོའི་ཟླ6པར་བོད་ཀྱི་རྫ་ནག་བཟོ་རྩལ་དེ་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་མིང་ཐོ་ཁག་གཉིས་པའི་ནང་བཅུག་པ་དང་། མིག་སྔའི་བར་དུ་ཉི་ཤར་ཤང་དུ་ཁྱོན་བོད་རིགས་རྫ་ནག་བཟོ་རྩལ་གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ8་ཡོད། 2022ལོའི་ལོ་མཇུག་ཏུ་ཉི་ཤར་ཤང་ཤང་ཡོངས་སུ་རྫ་ནག་བཟོ་བའི་དུད་ཚང་108ཡོད་པ་དང་ལས་ཞུགས་མི་སྣ་150ལྷག་ཡོད། རྫ་ནག་ཐོན་རྫས་དེ་སྔའི་ས་ཁོག་སོགས་ཐོན་སྐྱེད་འཚོ་བའི་མཁོ་ཆས་ནས་མེ་ཏོག་བུམ་པ་དང་ཆང་ཕོར་སོགས་སྣ་ཁ་80ལྷག་ཙམ་བར་མང་དུ་བཏང་ཡོད། ཉི་ཤར་རྫ་ནག་གི་ཕྱིར་ཚོང་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་མ་ཟད་རྒྱལ་ཁབ་ཕྱི་ནང་དུ་ཕྱིར་ཚོང་བྱེད་ཀྱི་ཡོད། རྒྱལ་ལམ་214རྒྱུད་དང་དེ་བཞིན་གྲོང་ཁུལ་ནང་ཕྱིར་ཚོང་ཚོང་ཁང་ཡོད་པ་མ་ཟད་ཐའོ་པའོ་དང་ཐེན་མའོ་སོགས་གློག་རྡུལ་ཚོང་དོན་སྟེགས་བུ་ཐོག་ཏུའང་ཕྱིར་ཚོང་བྱེད་ཀྱི་ཡོད། 2023ལོར་རྫ་ནག་གི་སྤྱིའི་ཐོན་རྫས་རིན་ཐང་ཁྲི་སྟོང་ལས་བརྒལ་བ་དང་ཞིང་དུད་མཐོ་ཤོས་ཀྱི་ཐོན་སྐྱེད་དང་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་10ཟིན་པ་དང་ཞིང་དུད་སྤྱིར་བཏང་གི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི7ཟིན་པ་དང་ཕྱིར་ཚོང་དངུལ་འབོར་དམའ་ཤོས་སྒོར་ཁྲི2ནས་3བར་ཟིན་ཡོད་པ་རེད།