ས་དམ་ནས་སེམས་ཀྱི་ཉི་ཟླ་ལྕགས་ལམ་གྱི་ཟོག་འདྲེན་ས་ཚིགས་ཐོག་མ་སྒོ་ཕྱེས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཡང་ཐང་འབབ་ཚུགས་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་35ཙམ་གྱི་སར་ཡོད་པ་དང་།འབབ་ཚུགས་ཀྱི་ས་ངོས་ཟིན་ཚད་ལ་སྨི་ངོས་གྲུ་ཁྲི་4.5ཡོད།    དེའི་ནང་དུ་མཛོད་ཉར་ལ་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1.4ཟིན་པ་དང་།  དངོས་ཟོག་སྐྱེལ་འདྲེན་བྱེད་ནུས་ཏུན་ཁྲི་50ཟིན་ཡོད། དངོས་ཟོག་ནང་འཇུག་དང་དབོར་འདྲེན།    བཀར་འཇུག    སྡེབ་སྐྱེལ།  དངོས་ཟོག་ཆ་འཕྲིན་ཐག་གཅོད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཐུབ་ཀྱི་ཡོད་པས་བདེ་ཆེན་ཁུལ་གྱི་ས་ཁོངས་ནང་གི་ལྕགས་ལམ་ཟོག་འདྲེན་ས་ཚིགས་ཐོག་མ་དེ་ཡིན་པ་རེད།    དངོས་ཟོག་ཁག་དང་པོ་བདེ་བླག་ངང་ལེན་ཐུབ་རྒྱུའི་འགན་ལེན་བྱ་ཆེད།   དེ་སྔོན་ཡང་ཐང་འབབ་ཚུགས་ཀྱིས་ཟོག་འབེབས་རླངས་འཁོར་སྒྲིག་འཛུགས་དང་།  དངོས་ཟོག་རྩིས་སྤྲོད།  འདོན་འཇུག་འཕྲུལ་ཆས་བེད་སྤྱོད་སོགས་ཀྱི་ཐད་ནས་ལས་བཟོའི་རྩལ་ནུས་ལས་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཤར་གཏོང་ཐུབ་རིང་ལས་ཀའི་བྱེད་སྒོ་ཁག་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱས་པ་རེད།   ཡང་ཐང་འབབ་ཚུགས་ཀྱིས་ཟོག་འདྲེན་ནུས་པ་བཏོད་རྗེས་དངོས་ཟོག་མང་པོ་ཞིག་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་བརྒྱུད་བདེ་ཆེན་དུ་འདྲེན་རྒྱུ་དང་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

ཡང་ཐང་འབབ་ཚུགས་ཀྱི་ལས་བཟོ་བས་དངོས་ཟོག་ལེན་བཞིན་པ།