དབྱིན་བོད་སྐད་གཉིས་ཀྱིས་ནགས་ཕག་མཚོ་ངོ་སྤྲོད་བྱེད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-12-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


 ནགས་ཕག་མཚོ་རང་བྱུང་སྲུང་སྐྱོང་ཁུལ་ནི་འདམ་རའི་རིགས་ཀྱི་སྣོད་བཅུད་སྲུང་སྐྱོང་ཁུལ་ཞིག་ཡིན་པ་དང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་2400ཡོད། 2004ལོར་ནགས་ཕག་མཚོ་ནི་རྒྱལ་སྤྱིའི་འདམ་ར་གཙོ་བོའི་སྤྱི་གླིང་གི་མིང་གཞུང་ནང་བཅུག་པ་དང་འདམ་རའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་2083ཡོད། དགུན་དུས་ཀྱི་ནགས་ཕག་མཚོ་ནི་འདབ་ཆགས་ཀྱི་ཞིང་ཁམས་ཤིག་ཡིན་པ་དང་ལོ་ལྟར་སྟོན་མཇུག་དང་དགུན་དུས་སུ་ཁྲུང་ཁྲུང་སོགས་བྱ་ཁྱུ་མང་པོས་དེ་གར་དགུན་གཡོལ་གྱི་ཡོད། ནགས་ཕག་མཚོ་ནི་སེམས་ཀྱི་ཉི་ཟླའི་གྲོང་ཁུལ་དང་བར་ཐག་སྤྱི་ལེ་8ཡོད་ཅིང་དགའ་ལྡན་སུམ་རྩེན་གླིང་ལ་ཡང་བར་ཐག་རིང་པོ་མེད་པས་ཉིན་གཅིག་རིང་གནས་གཉིས་ལ་ཡུལ་སྐོར་བྱས་ཆོག་གི་ཡོད།