ཕ་ཡུལ་གྱི་རི་ཆུ།

རྩོམ་པ་པོ།   བསམ་གཏན་སྐྱིད།  ཡིག་བསྒྱུར།       དུས་ཚོད།   2023-12-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།



 ངའི་ཕ་ཡུལ་གྱི་མཁའ་དབུགས་ནི་ཧ་ཅང་དྭངས་ཤིང་གཙང་ལ། ནམ་མཁའ་ནི་གཡའ་དྭགས་ཤིང་ཁོ་ར་ཁོར་ཡུག་ཀུན་ཏུ་ནགས་ཚལ་དང་རི་ལུང་ཆུ་བོ་སོགས་ཀྱིས་གང་ཡོད།  ཕ་ཡུལ་གྱི་རི་ཆུའི་བཟོ་ལྟ་ནི་ངོ་མཚར་ཞིང་རྣམ་པ་སྣ་ཚོགས་ཡོད་པའི་ང་ཚོའི་མིག་མདུན་དུ་ཡིད་དུ་འོང་བ་ཞིག་རེད། ཕ་ཡུལ་གྱི་རི་ཆུ་ནི་ཅི་འདྲའི་མཛེས་པ་ཞིག་ལ།ཆུ་ནི་སྔོ་ཞིང་ལྗང་མདོག་བཀྲ་ཞིང་ལྟ་ན་སྡུག་པ་ཞིག་ཡིན་པ་དང་དྭངས་ཤིང་གསལ་བའི་གཟུགས་བརྙན་ཆུ་ནང་དུ་གསལ་ལམ་མེར་ཤར་འདུག  ངའི་ཕ་ཡུལ་གྱི་རི་ཆུ་ནི་ཅི་འདྲའི་མཛེས་ཤིང་དྲི་མ་མ་གོས་པའི་རང་བྱུང་ཁམས་ཀྱི་ལྷད་མེད་ཀྱི་མཛེས་ལྗོངས་ཤིག་ཡིན།

    དགུན་ཁ་ཕ་ཡུལ་དུ་ཁ་བ་བབས་རྗེས། རི་ལུང་ཐམས་ཅད་དངུལ་མདོག་གི་ཁ་བས་གཡོགས་ཤིང་།   རི་མགོའི་ནགས་ཚལ་དང་སྡོང་བོའི་མགོ་རུ་བྱ་བྱེའུ་རྣམས་ཀྱིས་ཕར་ལྡིང་ཚུར་ལྡིང་བྱས་ནས་སྐད་སྙན་སྒྲོག་བཞིན་ཡོད།  ལུང་བའི་ནང་དུ་བཞུར་བཞིན་པའི་ཆུ་བོའི་སྟེང་དུ་ཁ་བ་བབས་ནས་དར་དཀར་པོ་ཞིག་བཏིང་ཡོད་པ་དང་འདྲ།  དེའི་སྟེང་དུ་ནོར་ལུག་སོགས་སོང་ནས་རྐང་རྗེས་ཀྱིས་རི་མོ་སྣ་ཚོགས་བྲིས་འདུག་ལ།  དེ་ནི་མིའི་རིགས་ཀྱིས་བྲིས་པ་ཡིན་པར་རང་བྱུང་ཁམས་ཀྱི་ལྟད་མོ་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།


    ཨེ་མ་ངའི་ཕ་ཡུལ་གྱི་རི་ཆུ་ནི་འདི་འདྲའི་བརྗིད་ཆགས་ཤིང་ལྟ་ན་སྡུག་པ་ཞིག་རེད་ཨང། རི་ནི་མཐོ་ཞིང་བརྗིད་།ཆུ་ནི་དྭངས་ཤིང་གསལ། ཅི་འདྲའི་མཛེས་པ་ལའང་། 

མགོ་ལོག་ཁུལ་པད་མ་རྫོང་གྲུབ་ཆེན་བཅའ་སྡོད་སློབ་ཆུང་ལོ་རིམ་དྲུག་བའི་སློབ་མ།