ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་སྟེང་4/5Gདྲ་རྒྱ་ཡོངས་ཁྱབ་ཐུབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 ཉེ་ཆར་གསར་འགོད་པར་ཀྲུང་གོ་སྒུལ་བདེ་བདེ་ཆེན་ཡན་ལག་ཀུང་སི་ནས་ཤེས་རྟོགས་བྱུང་བར་ལྟར་ན། 11པའི་ཟླ་དཀྱིལ་དུ་ཡུན་བོད་ལྕགས་ལམ་བདེ་ཆེན་ལམ་དུམ་4/5Gསྐུད་མེད་དྲ་བ་ཡོངས་སུ་ཁེབས་པའི་ལས་དོན་ལེགས་གྲུབ་ཟིན།

    ལྕགས་ལམ་ཧྲིལ་པོའི་ཟམ་ཕུག་གིས་བཟུང་ཚད་73.4%ཟིན་པ་དང་ལྕགས་ལམ་ཕུག་ལམ་གྱི་དྲ་རྒྱའི་ཁེབས་ཚད་དེ་དཀའ་གནད་ཅིག་ཏུ་གྱུར་པ་དང་ལྷག་པར་དུ་ཧ་པ་གངས་རིའི་ཕུག་ལམ་ལ་ཕུག་ལམ་དེའི་རིང་ཚད་ཧྲིལ་པོར་སྨི་9523ཟིན་པ་དང་གཏིང་ཟབ་ཤོས་ལ་སྨི་1155སྦས་ཡོད་པས་རིམ་པ་དང་པོའི་ཉེན་ཁ་ཆེ་བའི་ཕུག་ལམ་ཡིན་པས།ལག་རྩལ་སྤྱད་དེ་ཕུག་ལམ་ཕྱི་ནང་གི་4/5Gབརྡ་རྟགས་བསྟུད་མར་བརྒྱག་ཐུབ་པ་བྱུང་ཡོད། 

    4/5Gདྲ་རྒྱ་ཡོངས་སུ་ཁྱབ་པ་ལེགས་གྲུབ་ཟིན་རྗེས་གང་མགྱོགས་སྤྱོད་མཁན་ལ་དྲ་རྒྱའི་ཉམས་ལེན་དེ་བས་ལེགས་པ་བྱ་ཆེད་ཀྲུང་གོ་སྒུལ་བདེ་བདེ་ཆེན་ཡན་ལག་ཀུང་སིས་མི་སྣ་སྒྲིག་འཛུགས་བྱས་ཏེ་མཚན་བསྟུད་མར་སྐུད་མེད་ལེགས་གཏོང་བཟོ་བཀོད་པ་སྒྲིག་འཛུགས་ཐེངས་མང་བྱས་ནས་ཡུན་བོད་ལྕགས་ལམ་བདེ་ཆེན་དུམ་བུར་ཚད་ལེན་ཚོད་ལྟ་དང་ལེགས་སུ་བཏང་བ་དང་ས་གནས་ས་ཐོག་ཏུ་དངོས་སུ་ཚད་ལེན་བྱས་པ་བརྒྱུད་ལྕགས་ལམ་ཧྲིལ་པོ་སྐད་བརྡའི་ཁ་པར་གྱི་བརྒྱུད་རིམ་ཧྲིལ་པོ་མཐུད་ཚད་100%ཟིན་པ་དང་ཆ་སྙོམས་ཕབ་ལེན་མྱུར་ཚད་300Mbpsཕྱོགས་སུ་སླེབས་པ། མྱུར་བགྲོད་སྒུལ་འཁོར་ཐོག་་ཁ་པར་གཏོང་བ་དང་བརྙན་ལམ་ཐད་གཏོང་།ལག་ཐོགས་ཁ་པར་གྱི་རོལ་རྩེད་ལ་གཱ་མེད་པ་རྦད་དེ་མངོན་འགྱུར་བྱུང་ཡོད།