དབྱིན་བོད་སྐད་གཉིས་ཀྱིས་སེམས་ཀྱི་ཉི་ཟླ་འབབ་ཚུགས་ངོ་སྤྲོད་བྱེད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


སེམས་ཀྱི་ཉི་ཟླ་འབབ་ཚུགས་དེ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་གནས་ཡོད།། མེ་འཁོར་འབབ་ཚུགས་ཀྱི་ཨར་སྐྲུན་བཟོ་དབྱིབས་ཧྲིལ་པོའི་འཆར་འགོད་ཀྱི་འཆར་སྣང་ནི་བརྗིད་ཉམས་ཆེ་ཞིང་ཡིད་དབང་འཕྲོག་པའི་ཤྭ་ཁ་རི་བོ་ལས་བྱུང་བ་དང་།  སེམས་ཀྱི་ཉི་ཟླ་འབབ་ཚུགས་སུ་མི་རིགས་ཀྱི་ཁྱད་ཆོས་རྒྱུན་འཁྱོངས་བྱས་ཡོད་པ་དང་ཆབས་ཅིག་དུས་རབས་ཀྱི་ཉམས་འགྱུར་གསར་པའང་མངོན་ཡོད། འབབ་ཚུགས་ཀྱི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་9958ཡོད་པ་དང་། ཆེས་མང་དུས་ཡིན་ན་མི་2000མཉམ་དུ་སྒུལ་འཁོར་ལ་སྒུག་ཆོག  སེམས་ཀྱི་ཉི་ཟླ་འབབ་ཚུགས་ཀྱི་མཐའ་འཁོར་དུ་རྡོ་མཁར་རྫོང་གནའ་གྲོང་དང་།  སུམ་རྩེན་གླིང་།  ནགས་ཕག་མཚོ།  པོ་ཏ་མཚོ་སོགས་མཛེས་ལྗོངས་ཁུལ་དུ་མ་ཡོད།