ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་བཟོ་སྐྲུན་ལ་དཀའ་ཁག་ཅི་འདྲ་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    གཡུ་ལུང་གངས་རིའི་ཕུག་ལམ་སྒྲོལ་བའི་འཛུགས་སྐྲུན་སྐོར་གྱི་དངོས་བྲིས། 

    ལམ་ཐག་ཧྲིལ་པོར་སྤྱི་ལེ་14.7ཡོད་པ་དང་། དུས་ཡུན་ཟླ་110འགོར་བ།ཆེས་མང་ཤོས་ཀྱི་དུས་སུ་ལས་སྒྲུབ་རྒྱ་ཁྱོན་5ཡོད་པ། ཆེས་མང་ཤོས་ཀྱི་དུས་སུ་ཨར་ལས་མི་སྣ་2000ལྷག་ཙམ་ཡོད་པ། ཆུ་ཚོད་24ཡི་ལས་རེས་གསུམ་གྱི་འཁོར་སྐྱོད་ལས་སྒྲུབ་བྱེད་པ་སོགས་ནི་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་གྱི་རིང་ཤོས་ཡིན་པའི་གཡུ་ལུང་གངས་རིའི་ཕུག་ལམ་འཛུགས་སྐྲུན་དཀའ་ཚེགས་ཆེ་ཤོས་ཀྱི་གྲངས་གཞི་ཞིག་ཡིན་པ་དང་གཡུ་ལུང་གངས་རིའི་ཕུག་ལམ་དེ་སྔོག་འདོན་བྱེད་པ་ནས་ཤར་གཏོང་ཐུབ་པའི་བར་དེའི་མཐའ་ཕྲེང་རེ་རེར་འཛུགས་སྐྲུན་པ་ཚོའི་བློ་གྲོས་དང་དཀའ་སྡུག་འདུས་ཡོད། 


    2016ལོའི་ཟླ་12པའི་ཚེས་12ཉིན་གྱི་ཆུ་ཚོད་14དང་སྐར་མ་20ཡི་ཐོག་གཡུ་ལུང་གངས་རིའི་ཕུག་ལམ་གྱི་འཕྲེད་དོང་གཉིས་པར་གློ་བུར་དུ་འདམ་རྡོའི་ཆུ་བཞུར་སྐབས་ཕུག་ལམ་ནང་དུ་སྒྲིག་འཛུགས་བྱས་ནས་ཨར་ལས་བྱེད་བཞིན་ཡོད་པ་དང་། ནང་དུ་འདམ་རྫབ་བླུགས་ནས་ཆུ་འགག་པ་དང་། འདམ་རྡོའི་ཆུ་བཀག་པས་ཡང་བསྐྱར་སྐྱོར་སྲུང་བཅས་ཀྱི་སྒྲོམ་གཞི་བཙུགས་ནས་ཨར་ལས་རུ་ཁག་གིས་ནུས་ཤུགས་ཡོད་རྒུས་འབད་འཐབ་བྱས་པ་བརྒྱུད་གཡུ་ལུང་གངས་རིའི་ཕུག་ལམ་སླར་ཡང་མདུན་ཕྱོགས་སུ་སྔོག་ཐུབ་པ་བྱུང་ཡོད། མཐར་འདམ་རྡོའི་ཆུ་ལོག་ཐེངས་མང་བྱུང་ནས་ཨར་ལས་ཧྲིལ་པོར་གནོད་པ་ཐེངས་མང་ཐེབས།  དུས་སྐབས་དེའི་ནང་ཕུག་ལམ་ནང་རྟག་ཏུ་གནས་ཚུལ་དེ་འདྲ་ཐོན་གྱི་ཡོད་པ་སྟེ། ཆུ་ལོག་རྦབ་ཆུ་བཞིན་བྱུང་བ་དང་བྲག་ཕུག་གི་བྲག་རྡོ་ནས་ལྷུང་བ་དང་ཨར་ལས་མི་སྣའི་གཟུགས་པོ་ཚང་མ་ཆུ་ནང་སྦངས་ནས་ཉེན་སེལ་དམག་འཐབ་དྲག་པོ་བྱེད་ཀྱི་ཡོད་པ་རེད།      གཡུ་ལུང་གངས་རིའི་ཕུག་ལམ་ལ་ས་གཤིས་ལ་དཀའ་གནད་གཞན་ཞིག་འཕྲད་པ་སྟེ། ས་མཐོའི་ལྡོག་ཤུགས་འོག་གི་བྲག་རྡོ་མཉེན་པོའི་བཟོ་ལྟ་ཆེན་པོ་འགྱུར་བ་དང་། བཟོ་ལྟ་ཆེ་ཤོས་ཀྱི་གཞོགས་གཅིག་ལ་སྨི་3.2ཟིན་པ། ཕུག་ལམ་ཁོ་ནའི་བཟོ་དབྱིབས་ལ་འགྱུར་བ་ཆེན་པོ་བྱུང་བ་ཁོ་ནར་སྨི་7779ཟིན་པ་དེ་ནི་རྒྱལ་ཡོངས་ཀྱི་ཕུག་ལམ་ཨར་ལས་ཁྲོད་མཐོང་དཀོན་པ་ཞིག་རེད། 



    ཀྲུང་གོ་ལྕགས་ལམ་ཕུག་ལམ་ཅུས་ཚོགས་པས་གཡུ་ལུང་གངས་རིའི་ཕུག་ལམ་གྱི་ས་མཐོའི་སྟུན་ཤུགས་ལས་དོན་ཚོགས་ཆུང་བཙུགས་ནས་རིགས་གཅིག་མཁས་ཅན་གྱི་བགྲོ་གླེང་ཚོགས་འདུ་དང་རྒྱལ་ནང་ཕུག་ལམ་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱེད་པར་གདན་དྲངས་ཏེ་ཞིབ་འཇུག་གྲོས་བསྡུར་ཐེངས་མང་དང་འགུལ་རྣམ་ལེགས་སྒྲིག་ཐག་གཅོད་ཇུས་གཞི་སྔ་རྗེས་སུ་འཚོགས་པ་རེད། བཅད་ངོས་ལེགས་སྒྱུར་དང་། སྐྱོར་སྲུང་ཞུགས་གྲངས་ལེགས་སྒྲིག  རིམ་ཟུང་གཞུ་དབྱིབས་སྒྲོམ་སྤྱད་པ་སོགས་ཀྱི་ཕྱོགས་སུ་ཇུས་གཞི་ཞིབ་འཇུག་དང་། བཟོ་རྩལ་དང་བཟོ་པའི་བཅའ་ཁྲིམས་ཀྱི་དངོས་བཤེར་འབོར་ཆེན་བྱས་ཏེ། དབྱིབས་འགྱུར་ཆེན་པོའི་ཚོད་འཛིན་ལག་རྩལ་གྱི་བྱེད་ཐབས་ཆ་ཚང་ཞིག་གྲུབ་ཡོད། 2022ལོའི་ཟླ་5པའི་ཚེས་5ཉིན་འཛུགས་སྐྲུན་པ་1200ལྷག་ཙམ་གྱིས་ཉིན་མཚན་བསྟུད་མར་འབད་འཐབ་བྱས་པ་བརྒྱུད་གཡུ་ལུང་གངས་རིའི་ཕུག་ལམ་བདེ་འཇགས་ངང་ཤར་གཏོང་ཐུབ་ཡོད། 

    ལོ་9ཡི་རིང་གཡུ་ལུང་གངས་རིའི་ཕུག་ལམ་ནང་འཕྲུལ་ཆས་ཆེ་ཆུང་གི་སྒྲིག་ཆས་ཀྱི་སྒྲ་སྐད་སྒྲས་ཁེངས་ཤིང་། ཨར་ལས་བྱ་ཡུལ་དུ་སྐྱོད་སྐབས་ཕུག་ལམ་གྱི་མི་ལ་ལས་གསོར་འབིགས་འཕྲུལ་འཁོར་སྤྱོད་པ་དང་། ལ་ལས་ཐོག་མའི་འཕེན་གཏོང་ཨར་འདམ་གཏོང་བ། ལ་ལས་རྣོ་ལྕགས་ངོས་སུ་ཚ་ལ་རྒྱག་པ་སོགས་ཉིན་གཅིག་ཀྱང་ལས་ཀའི་མཚམས་འཇོག་མྱོང་མེད་པ་རེད།   

    སླད་ཕྱིན་དུས་ཚོད་ཁོམ་དུས་སྒུལ་འཁོར་ལ་བསྡད་ནས་མང་ཚོགས་ཚོའི་འཚོ་བའི་འགྱུར་ལྡོག་ལ་ལྟ་བསམ་ཡོད། ལྕགས་ལམ་ལས་བྱུང་བའི་སྟབས་བདེ་ལ་མྱུར་བའི་འཚོ་བར་ཤིན་ཏུ་བལྟ་བསམ།  ངས་བསམ་ན་འདི་ནི་ང་ཚོ་ལྕགས་ལམ་ལས་དོན་པའི་རེ་སྒུག་དང་བདེ་སྐྱིད་ཅིག་རེད་ཅེས་ལས་བཟོ་བ་ལི་ཧུའེ་ཡིས་འབྱུང་འགྱུར་གྱི་སྐོར་གླེང་སྐབས་རེ་སྒུག་ཆེན་པོ་བྱེད་ཀྱི་འདུག         

 ཧ་པ་གངས་རིའི་ཕུག་ལམ།   གངས་རིའི་གཏིང་རིམ་གྱི་འགྲན་བསྡུར། 

    2023ལོའི་ཟླ་7པའི་ཚེས་8ཉིན་གྱི་སྔ་དྲོར་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་གྱི་ཧ་པ་གངས་རིའི་ཕུག་ལམ་གྱི་ཕུག་ལམ་ཧྲིལ་པོའི་བདེ་འཇགས་བདེ་བླག་ངང་ཤར་གཏོང་ཐུབ་ནས་ས་གནས་ས་ཐོག་ཏུ་འཛུགས་སྐྲུན་ནང་ཞུགས་པའི་ལག་རྩལ་མི་སྣ་དང་། དོ་དམ་མི་སྣ། ཨར་ལས་མི་སྣ་བཅས་ཀྱིས་དགའ་སྤྲོ་འཁོལ་བའི་ངང་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུས་ཡོད། ལམ་ཐག་ཧྲིལ་པོར་སྤྱི་ལེ་10ཡང་མེད་པའི་ཕུག་ལམ་དེར་ཤུགས་འགྲེམས་མེ་འཁོར་སྐར་མ་3ལས་གཏོང་དགོས་ཀྱི་མེད་མོད།འོན་ཀྱང་འཛུགས་སྐྲུན་པ་ཆིག་སྟོང་ལྷག་ཙམ་གྱིས་2014ལོ་ནས་འགོ་བཙུགས་ཏེ་ལོ་9བསྟུད་མར་འབད་འཐབ་བྱས་ཡོད། 

    ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་གྱི་ཧ་པ་གངས་རིའི་ཕུག་ལམ་དེ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁོངས་སུ་གནས་པ་དང་ཁྱོན་རིང་ཚད་སྨི་9523དང་ཕུག་ལམ་ཆེ་ཤོས་སྨི་1155ས་འོག་ཏུ་སྦས་ཡོད། དེ་ནི་རིམ་པ་དང་པོའི་ཉེན་ཁ་ཆེ་བའི་ཕུག་ལམ་ཞིག་ཡིན་པ་དང་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་དཀའ་གནད་དང་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་རེད། 

    ལོ་9ལྷག་ཙམ་རིང་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་འཛུགས་སྐྲུན་པ་ཚོས་དཀའ་ཚེགས་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་ཕྱོགས་སུ་བསྐྱོད་དེ་མཐའ་འཁྱོངས་དང་།   བརྟན་སྲུང་།   ལེགས་སྐྱེས་འབུལ་བ་བཅས་བྱེད་ཀྱི་ཡོད། “འདིར་ཡོང་སྐབས་ངའི་ཕྲུ་གུ་ལོ་རིམ་གསུམ་པར་སླེབས་པ་དང་ད་ཆ་དམའ་འབྲིང་ལོ་རིམ་གཉིས་པ་རེད”ཅེས་བཤད། ཀྲུང་གོ་ལྕགས་ལམ་ཅུས་བཅུ་དྲུག་པའི་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་གྱི་རྣམ་གྲངས་ཀྱི་དཔལ་འབྱོར་བདེན་དོན་པུའི་ཏང་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཨེར་ལུན་གྱིས་ནང་མི་གླེང་སྐབས་གནོང་འགྱོད་ཆེན་པོ་བྱུང་། “ད་ཆ་ཕུག་ལམ་བཟོས་ཟིན་པས།དབྱར་གསེང་རིང་ཕྲུ་གུ་ཁྱིམ་དུ་ལོག་ནས་ཁོང་ལ་རོགས་པ་ཡག་པོ་བྱ་རྒྱུ་ངས་ཁས་བླངས་པ་ཡིན”ཞེས་བཤད། རང་ཉིད་ལྕགས་ལས་གྲུབ་པའི་མི་ཞིག་ཡིན་པའི་ངོས་ནས་སེམས་ཀྱི་ཉི་ཟླའི་མཛེས་ལྗོངས་ལ་ལྟ་བཞིན་ཡོད། 

    ཧ་པའི་གངས་རིའི་ཕུག་ལམ་གྱི་དཀའ་ཚེགས་ཆེ་བའི་སྔོག་འདོན་ཁྲོད་ཕུལ་བྱུང་གི་ལག་རྩལ་དོ་དམ་ཤེས་ལྡན་མི་སྣ་ཁག་གཅིག་ཀྱང་འགག་སྒྲོལ་དཀའ་སེལ་ཁྲོད་ཟམ་མི་ཆད་པར་འཚར་ལོངས་བྱུང་ཡོད། 

    ཧ་པ་གངས་རིའི་ཕུག་ལམ་བསྐྲུན་པ་ལམ་ལྷོངས་བྱུང་ནས་དབྱིབས་འགྱུར་ཚོད་འཛིན་གྱི་ལག་རྩལ་བྱེད་ཐབས་ཆ་ཚང་ཞིག་གྲུབ་པ་དང་སྔ་རྗེས་སུ་རྒྱལ་ཁབ་ཀྱི་དངོས་སྤྱོད་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་17དང་ཞིང་ཆེན་རིམ་པའི་ཨར་ལས་བཟོ་པའི་བཅའ་ཁྲིམས་མང་པོ་ཞིག་ཐོབ་ནས་ཀྲུང་གོའི་ས་མཐོའི་ལྕགས་ལམ་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་འཚོལ་ཞིབ་ལག་ལེན་དང་།  ཉམས་མྱོང་དང་ལག་རྩལ་མཁོ་འདོན་བྱས་ཡོད་པ་མ་ཟད། རང་རྒྱལ་གྱི་ས་མཐོའི་ཕུག་ལམ་ཨར་ལས་ཁྱབ་ཁོངས་མང་པོའི་ལག་རྩལ་གྱི་སྟོང་ཆ་བསྐངས་ཡོད།

 ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་གྱི་འབྲི་ཆུའི་ཟམ་ཆེན་བསྐྲུན་པའི་དངོས་བྲིས།

    ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་གྱི་འབྲི་ཆུའི་ཟམ་ཆེན་དེ་ས་དམ་གྲོང་ཁྱེར་དང་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འབྲེལ་མཚམས་ཀྱི་འབྲི་ཆུ་འཕྲེད་བཅད་ཁུལ་དུ་གནས་ཡོད་ཅིང་རྒྱལ་ཁབ་ཀྱི4Aརིམ་པའི་མཛེས་ལྗོངས་ཁུལ་ཡིན་པའི་སྟག་མཆོང་གྲོག་རོང་མཛེས་ལྗོངས་ཁུལ་ནང་དུ་བཙུགས་ཡོད།   ཧ་པ་གངས་རི་དང་གཡུ་ལུང་གངས་རིའི་རང་བྱུང་སྲུང་སྐྱོང་ཁུལ་དང་ཕན་ཚུན་སྦྲེལ་ཡོད།  ལོ་ལྔའི་རིང་འཛུགས་སྐྲུན་ནང་ཞུགས་མཁན་སྟོང་ཕྲག་གིས་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་མེད་པ་ནས་ཡོད་པའི་བར་གྱི་འཚོལ་ཞིབ་དང་། གསར་གཏོད། ཡང་ཡང་ལག་ལེན་བཅས་བྱས་པར་བརྟེན་ནས་གྲོག་རོང་ལས་མཆོང་བརྒལ་དང་གངས་རི་སྲུང་བའི་མཁའ་དབྱིངས་ཀྱི་འབྲུག་ཆེན་པོ་ཞིག་བཏོད་ཡོད། 

    ཀྲུང་གོ་ལྕགས་ལམ་ཅུས་གཉིས་པ་དང་ཀྲུང་གོ་ལྕགས་ལམ་ཟམ་ཆེན་ཅུས་སོགས་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པས་དཀའ་ཚེགས་ཆེ་བའི་རི་ཁུལ་དུ་ལྕགས་ལམ་གྱི་ལྕགས་གདུང་དཔྱངས་ཐག་ཇུས་འགོད་དང་ཨར་ལས་ཀྱི་འགག་རྩའི་ལག་རྩལ་ཞིབ་འཇུག་བྱས་ནས་ཟམ་ཆེན་དེ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་འཛམ་གླིང་གི་ཟིན་ཐོ་ཁག་གསུམ་བཏོད་པ་སྟེ། རིང་ཚད་སྨི་660ཟིན་པ་དེ་ནི་འཛམ་གླིང་གི་ལྕགས་གདུང་ལྕགས་ལམ་གྱི་དཔྱང་ཟམ་ཐོག་མ་དེ་ཡིན་པ་དང་གཙོ་བརྒལ་ངར་ལྕགས་གདུང་ཟམ་ཁྲིད་དེ་མིག་སྔའི་འཛམ་གླིང་ཐོག་ལྗིད་ཚད་ཆེ་ཤོས་ཀྱི་ཐག་པ་ཏུན་800ཅན་གྱི་ལྗིད་འདེགས་འཕྲུལ་ཆས་སྤྱོད་ཀྱི་ཡོད་པ་དང་། གདུང་མའི་སྟེང་ནས་ལྕགས་གདུང་བར་སྒྲིག་སྦྱོར་བྱས་པའི་མཐོ་ཚད་སྨི་330ཟིན་པ་དེ་ཐོག་སོ་117གྱི་མཐོ་ཚད་དང་གཅིག་མཚུངས་ཡིན་པ་མ་ཟད། སྐབས་དེ་དུས་འཛམ་གླིང་ཐོག་བཀལ་བའི་མཐོ་ཚད་མཐོ་ཤོས་ཀྱི་ཐག་པ་ཞིག་ཀྱང་ཡིན་པས“འཛམ་གླིང་ཐོག་གི་འདེགས་འགྲུལ་ཨང་དང་པོ”ཞེས་བརྗོད་ཀྱི་ཡོད།  གཙོ་ལྕོག་གི་རྨང་གཞི་ནི་གྲུ་བཞི་ནར་མོའི་དབྱིབས་ཀྱི་སྲ་བརྟན་རྣམ་པའི་རྨང་གཞི་ཡིན་པ་དང་།  དེ་ནི་འཛམ་གླིང་གི་ལྕགས་ལམ་ཟམ་པ་ཆེ་ཤོས་ཀྱི་རྨང་གཞི་ཡིན། 

    འབྲི་ཆུའི་ཟམ་ཆེན་གྱི་ཟམ་ངོས་དང་གཙང་པོའི་ངོས་ཀྱི་ཐད་ཀའི་བར་ཐག་སྨི་250ཙམ་ཡོད་པ་དེ་ཐོག་སོ་80ལྷག་ཙམ་ལས་མཐོ་བ་དང་རྟེན་གནས་གཙོ་བོ་དང་བར་ཐག་རིང་ཤོས་ལ་སྨི་360ལྷག་ཙམ་ཡོད། ཨར་སྐྲུན་གྱི་ཁོར་ཡུག་དེ་འདྲའི་འོག་ཟམ་ཆེན་འཛུགས་སྐྲུན་པ་ཚོར་ཉམས་སད་ཐེག་ཐུབ་པའི་གཟུགས་པོ་དང་སེམས་ཁམས་ཀྱི་བྱང་ཚད་ལྡན་དགོས་ལ། རང་ཉིད་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་བྱེད་དགོས་པ་མ་ཟད། ད་དུང་གནད་སྨིན་ངང་ཟམ་པ་རྒྱག་པའི་ལས་དོན་ཁག་ཀྱང་སྤེལ་དགོས། ཁོ་ཚོའི་གོམ་པ་རེ་རེ་ལ་སེམས་ཆུང་བྱེད་དགོས།གཞན་ཡང་རི་ཁུལ་དུ་ཆར་དུས་རིང་བ་དང་སྔ་ཕྱི་གཉིས་ཀར་དྲོད་ཚད་ཧེ་བག་ཆེ་བས་ལོ་རེའི་ཆ་སྙོམས་ཆར་པ་བབས་ཚད་ཉིན་176ཡིན་པ་དང་། ཉིན་རེའི་དྲོད་ཚད་ཧེ་བག་ཆེ་ཤོས་ཏུའུ30℃ཟིན་གྱི་ཡོད། འོན་ཀྱང་ལྕགས་གདུང་དཀྱིལ་ཐག་མ་འཐེན་གོང་གི་གློག་སྐུད་གཙོ་བོ་བསྒར་བའི་དུས་ཚོད་དེ་ཟླ་1པོ་ནས་ཟླ་4པའི་བར་ཡིན་པ་དང་དེའི་ནང་ལོ་གཅིག་ནང་གི་གྲང་ངར་ཆེ་ཤོས་ཀྱི་དུས་ཚོད་ཚུད་ཡོད། གློག་སྐུད་གཙོ་བོ་འཐེན་ནས་ལྕགས་གདུང་གི་ཟླ་10ཡི་ནང་ཨར་ལས་མི་སྣས་ཉིན་རེའི་ཐོ་རེངས་སུ་ཚད་འཇལ་དང་ལེགས་སྒྲིག་གི་ལས་དོན་སྤེལ་གྱི་ཡོད། དགུན་དུས་ཐོ་རེངས་ཀྱི་ཟམ་ངོས་ཀྱི་དྲོད་ཚད་ཏུའུ་གོར་ཐིག་ཙམ་ཡིན་པ་དང་གྲང་རླུང་ངར་མོས་ལུས་པོར་ཡང་ཡང་བསྣུན་ཡང་ངེས་པར་དུ་ཆུ་ཚོད་གསུམ་ནས་བཞི་བར་གྱི་ལེགས་སྒྲིག་གི་ལས་ཀ་སྒྲུབ་ཡོད། 



    2020ལོའི་ཟླ་10ཚེས་13ཉིན་ལྕགས་གདུང་མཐའ་མ་དེ་དཔྱང་ཟམ་ཐོག་ལེགས་པར་འཇོག་ཐུབ་པ་བྱུང་བ་དང་།  ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་གྱི་འབྲི་ཆུའི་ཟམ་ཆེན་སྦྲེལ་མཐུད་ཐུབ་ནས་ལོ་5ཡི་རིང་ཛ་དྲག་ངང་ཨར་ལས་བྱས་པ་བརྒྱུད་འབྲི་ཆུའི་ཟམ་ཆེན་གྱི་ལས་གྲྭ་གཙོ་བོ་ལེགས་སྒྲུབ་བྱས་པ་རེད།   2023ལོའི་ཟླ་11ཚེས་5ཉིན་འབྲི་ཆུའི་ཟམ་ཆེན་དེ་མེ་འཁོར་ཚོད་གཏོང་གི་ཚོད་ལྟ་བདེ་བླག་བྱུང་ཡོད།