དེ་རིང་།ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་དངོས་སུ་ཤར་གཏོང་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-26   རྩོམ་ཁུངས།    ཞིན་ཧྭ་ཧྲི།


   ཟླ་11པའི་ཚེས་26ཉིན།ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་བསྐྲུན་ནས་སྒུལ་འཁོར་ཤར་གཏོང་བྱས་པ་རེད།ས་ཆ་གཉིས་ཀྱི་བར་ལ་མགྱོགས་ཤོས་སུ་ཆུ་ཚོད་1དང་སྐར་མ་18ནང་སླེབས་ཐུབ་པ་དང་། ཁུན་མིང་ནས་སེམས་ཀྱི་ཉི་ཟླ་བར་མགྱོགས་ཤོས་སུ་ཆུ་ཚོད་4དང་སྐར་མ་30སླེབས་ཐུབ་པ་རེད།

    ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ནི་ཡུན་ནན་ཞིང་ཆེན་ས་དམ་གྲོང་ཁྱེར་གཡུ་ལུང་འཇང་རིགས་རང་སྐྱོང་རྫོང་ས་དམ་འབབ་ཚུགས་ནས་འགོ་ཚུགས་པ་དང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སེམས་ཀྱི་ཉི་ཟླ་འབབ་ཚུགས་དང་མཐུད་པ། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་140ཇུས་འགོད་བྱས་ཡོད་ལ་ཁྱོན་རིང་ཚད་སྤྱི་ལེ་139དང་།རྒྱལ་ཁབ་Ⅰརིམ་པའི་རྐྱང་ཐིག་གློག་ཤུགས་ཅན་གྱི་ལྕགས་ལམ་ཡིན་པ་རེད།

    ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ཡུན་ཀུའེ་མཐོ་སྒང་དང་མཚོ་བོད་མཐོ་སྒང་གི་བར་བརྒལ་ས་ཁུལ་དུ་གནས་པ་དང་། རང་རྒྱལ་གྱི་དུས་ཡུན་འབྲིང་རིང་གི་ལྕགས་ལམ་དྲ་བའི་འཆར་འགོད་ཞེས་པའི་ཏན་བོད་ལྕགས་ལམ་གྱི་གྲུབ་ཆ་གཙོ་བོ་ཡིན་ཞིང་། ས་དམ་གནའ་གྲོང་དང་ལ་ཧྲི་མཚོ། གཡུ་ལུང་གངས་རི། སྟག་མཆོང་གྲོག་རོང་། ཧ་པ་གངས་རི། སེམས་ཀྱི་ཉི་ཟླ་སོགས་ལྗོངས་ཁུལ་མང་པོ་མཐུད་ཡོད་པས་མཛེས་པའི་ཡུན་ལིན་ལྕགས་ལམ་ཞེས་མཚན་སྙན་ཐོབ་པ་རེད།