ཁ་བ་ཆུང་དུས་ཚིགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟློ་བོད་ཡིག་དྲ་བ།


     ཁ་བ་ཆུང་ནི་དུས་ཚིགས་ཉེར་བཞི་ནང་གི་དུས་ཚིགས་ཉི་ཤུ་ཡིན་ལ། དགུན་དུས་ཀྱི་དུས་ཚིགས་གཉིས་པའང་ཡིན། དུས་ཚིགས་འདི་ནི་དྲོད་ཚད་དམའ་རུ་ཕྱིན་པ་དང་ཁ་བ་འབབ་པའི་འགོ་ཚུགས་ཀྱང་ཁ་བ་འབབ་ཚད་ཅུང་ཆུང་བར་ཕྱིན་"ཁ་བ་ཆུང"་ཞེས་ཟེར་བ་རེད།ཁ་བ་ཆུང་དུས་ཚིགས་ཀྱི་གོ་དོན་ནི་དགུན་ཁ་སླེབས་ཟིན་པ་དང་དྲོད་ཚད་མར་ཆག་པ།  གནམ་གཤིས་རིམ་བཞིན་གྲང་དུ་ཕྱིན་ནས་ལོ་གཅིག་ནང་སྐམ་ཤས་ཆེ་ཤོས་ཀྱི་དུས་ཚིགས་སུ་སླེབས་འགོ་ཚུགས་པ་མཚོན། དུས་མཚུངས་སུ་ཚང་མར་དྲོད་སྲུང་དང་། ལུས་ཟུངས་གསོ་བ། ལུས་ཁམས་བདེ་སྲུང་བཅས་ལ་དོ་སྣང་བྱ་རོགས།