བདེ་ཆེན་དུ་ལྕགས་ལམ་ཤར་གཏོང་ཐུབ་པར་ཉེ་ལ། སེམས་ཀྱི་ཉི་ཟླ་ནས་ཁུན་མིང་ལ་ཆུ་ཚོད་5ལ་སླེབས་ཐུབ་པ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-21   རྩོམ་ཁུངས།    云南新闻网


 


    ཡུན་བོད་ལྕགས་ལམ་གྱི་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལམ་དུམ་དུ་ཉེ་ཆར་མེ་འཁོར་ཤར་གཏོང་ཐུབ་ཉེ་ཡོད་ལ། ཤར་གཏོང་ཐུབ་རྗེས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་ལྕགས་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་རྒྱུ་རེད།

    ཡུན་བོད་ལྕགས་ལམ་གྱི་ས་དམ་ནས་སེམས་ཀྱི་ཉི་ཟླ་དུམ་བུ་དེ་ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་།   ས་དམ་གྲོང་ཁྱེར་དང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་རང་རྒྱལ་གྱི་དུས་ཡུན་རིང་བའི་ལྕགས་ལམ་དྲ་བའི་འཆར་འགོད་ནང་གི་ལམ་ཐིག་གཙོ་བོ་ཞིག་ཡིན་ལ། ཡུན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ལྕགས་ལམ་འདིའི་རིང་ཚད་ཧྲིལ་པོར་སྤྱི་ལེ་139.7དང་། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་140ཡིན་ལ། ལམ་ཐིག་ཧྲིལ་པོར་ས་དམ་དང་། ལ་ཧྲི་མཚོ། ཡང་ཐང་། སེམས་ཀྱི་ཉི་ཟླ་བཅས་འགྲུལ་སྐྱེལ་རླངས་འཁོར་འབས་ཚུགས་བཞི་བཀོད་སྒྲིག་བྱས་ཡོད། ལམ་ཐིག་འདི་མཚོ་བོད་ས་མཐོའི་ཤར་ལྷོའི་མཚམས་སུ་ཡོད་ལ། འཕྲེད་གཅོད་རི་རྒྱུད་ཀྱི་དུམ་བར་མ་ཡིན་ཏེ། རི་མཐོ་ལ་བྲག་གཟར་བ་བཅས་ཀྱི་ས་དབྱིབས་ཁྱད་ཆོས་མངོན་གསལ་དོད་པ་དང་། འཛུགས་སྐྲུན་གྱི་དཀའ་གནད་རྒྱལ་ནང་དུ་མཐོང་དཀོན་པ་ཞིག་ཡིན་པ་རེད།

    ཡུན་བོད་ལྕགས་ལམ་གྱི་ས་དམ་ནས་སེམས་ཀྱི་ཉི་ཟླ་ལམ་དུམ་དུ་རླངས་འཁོར་ཤར་གཏོང་ཐུབ་རྗེས། ཁུན་མིང་ནས་སེམས་ཀྱི་ཉི་ཟླའི་བར་ཆུ་ཚོད་5ཙམ་ནང་འབྱོར་ཐུབ་ལ། ས་དམ་ནས་སེམས་ཀྱི་ཉི་ཟླའི་བར་ཆུ་ཚོད་1.5ལས་འགོར་གྱི་མེད་དེ། ཡུན་ནན་བདེ་ཆེན་ཁུལ་དུ་ལྕགས་ལམ་མེ་པའི་ལོ་རྒྱུས་མཇུག་འགྲིལ་རྒྱུ་ཡིན་པ་རེད།

    བཤད་རིན་ཡོད་པ་ཞིག་ནི། ལྕགས་ལམ་འདི་ལྗོངས་ཁུལ་མང་བོར་བརྒྱད་དེ། ལ་ཧྲི་མཚོ་དང་གཡུ་ལུང་གངས་རི། སྟག་མཆོང་གྲོག་རོང་། ཧ་པ་གངས་རི་སོགས་བརྒྱུད་ལ། རྩྭ་དང་གངས་རི། ནགས་རི་དང་གཙང་བོ་སོགས་མཐོང་ཐུབ་ཏེ། ཡིད་དབང་འཕྲོག་པའི་ལྗོངས་རྒྱུའི་ལམ་ཐིག་གཅིག་ཡིན་པ་རེད། 

ས་དམ་འབས་ཚུགས།

ལ་ཧྲི་ཧེ་འབབ་ཚུགས།

གཡུ་ལུང་གངས་རི། 

སྟག་མཆོང་གྲོག་རོང་། 

ཧ་པ་གངས་རི།

ཡང་ཐང་འབབ་ཚུགས། 

མཐོ་སྒང་གི་ནོར་ཁྱུ།

སེམས་ཀྱི་ཉི་ཟླ་འབབ་ཚུགས།

ནགས་ཕག་མཚོ།

པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་།