“འཛམ་གླིང་གི་སེམས་ཀྱི་ཉི་ཟླ་”ཞེས་པའི་མིང་རྟགས་མེ་འཁོར་སྟེང་བཀོད་བའི་མཛད་སྒོ་ཁུན་མིང་ནས་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ11པའི་ཚེས་20་ཉིན། ཁུལ་ཨུ་དང་།ཁུལ་མི་དམངས་སྲིད་གཞུང་།ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་།ཁུལ་རིག་གནས་དང་ཡུལ་སྐོར་ཅུས།ཁུན་མིང་ལྕགས་ལམ་སྨྱན་སྦྱོར་ཚད་ཡོད་ཀུང་སི་བཅས་ཀྱིས་ཐུན་མོང་ཐོག་སྒྲུབ་འགན་འཁུར་བའི་ཁུན་མིང་ནས་པེ་ཅིང་བར་གྱི་ལྕགས་ལམ་སྟེ་འཛམ་གླིང་གིསེམས་ཀྱི་ཉི་ཟླམིང་བཀོད་མེ་འཁོར་ཐོག་མར་གཏོང་བའི་མཛད་སྒོ་ཁུན་མིང་ལྕགས་ལམ་ལྷོ་ཕྱོགས་འབབ་ཚུགས་སུ་འཚོགས་པ་རེད།


    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཀྲང་ཝེ་ཏུང་དང་།ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་གཞོན་པ་ལོའུ་ཁོ་ཝུའེ། ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཁྲེང་དབྱི་ཏ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཀྲང་ཝེ་ཏུང་གིས་འཛམ་གླིང་གི“སེམས་ཀྱི་ཉི་ཟླ”མིང་བཀོད་མེ་འཁོར་ཐོག་མར་གཏོང་བའི་མཛད་སྒོ་འཚོགས་པ་དེས་བདེ་ཆེན་དང་རྒྱལ་ཡོངས་ས་གནས་ཁག་དབར་གྱི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཀྱི་མཐོང་རྒྱ་ཆེ་རུ་ཕྱིན་པ་མ་ཟད་བདེ་ཆེན་གྱི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པའང་བསྣན་རྒྱུ་རེད། ཏན་བོད་ལྕགས་ལམ་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལམ་དུམ་དངོས་སུ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་ཉེར་ཡོད་པ་དེ་ཐོག་ནས་བདེ་ཆེན་“སྒུལ་འཁོར་དུས་རབས”སུ་སླེབས་པ་མཚོན་ཡོད་ཅེས་གསུངས་པ་རེད།

    ལོའུ་ཁོ་ཝུའེ་ཡིས་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་ཡུན་ནན་ནུབ་རྒྱུད་ཀྱི་ལྕགས་ལམ་དྲ་བ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུ་གོ་སྐབས་སུ་བྱས་ནས་ལམ་རྒྱུད་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་བསྡུ་སྒྲིལ་དང་གསར་སྤེལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོ་བའི་ཡུལ་སྐོར་བྱ་ཡུལ་ཁག་གཅིག་གཏོད་རྒྱུ་དང་མཐའ་འཁོར་རྒྱལ་ཁབ་དང་ས་ཁུལ་དབར་གྱི་ཡུལ་སྐོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་“རྒྱུད་གཅིག་ལམ་གཅིག”གི་ཡུལ་སྐོར་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།


    ཁྲེང་དབྱི་ཏ་ཡིས་ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་ཚོགས་པ་ཀུང་སིས་ཡུན་ནན་ནུབ་རྒྱུད་ལྕགས་ལམ་རྒྱུད་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་བསྡུ་སྒྲིལ་དང་གསར་སྤེལ་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཏེ་ལྕགས་ལམ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐྱེལ་འདྲེན་འགན་ལེན་དང་ཞབས་ཞུའི་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    མཛད་སྒོའི་ཐོག་མིང་བཀོད་མཛད་སྒོར་ཞུགས་མཁན་འགོ་ཁྲིད་ཀྱིས་གར་སྟེགས་སུ་བསྐྱོད་དེ་མིང་བཀོད་མེ་འཁོར་གྱི་འགོ་ཚུགས་དབྱུག་པ་འདེད་པ་དང་ཁུན་མིང་ལྕགས་ལམ་སྨྱན་སྦྱོར་ཚད་ཡོད་ཀུང་སིས་ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་ཚོགས་པ་ཀུང་སིའི་ཚབ་ཞུས་ནས་བདེ་ཆེན་ཁུལ་ལ་མིང་བཀོད་མེ་འཁོར་གྱི་དཔེ་དབྱིབས་སྤྲད་པ་རེད།

    རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིར་“འཛམ་གླིང་གི་སེམས་ཀྱི་ཉི་ཟླ་རྟགས་ཅན”དུ་མིང་བཀོད་པའི་G402་རྟགས་ཅན་གྱི་མེ་འཁོར་སྤྱོད་ཡུལ་ནིCRH380Aརྟགས་ཅན་གྱི་མྱུར་བགྲོད་མེ་འཁོར་ཚོགས་ཆུང་ཡིན་པ་རེད།རླངས་འཁོར་འདིའི་རིགས་ནི་ཟགས་ཐིག་དབྱིབས་ཀྱི་ཇུས་འགོད་དང་།མདོག་དཀར་པོ་གཙོ་བོར་འཛིན་པ།ཕྱི་ཚུལ་དར་སྲོལ་ཆེ་བ་བཅས་ཡིན།ནང་ཁུལ་གྱི་སྒྲིག་བཀོད་ཆ་ཚང་བ་དང་ཁྱོན་རིམ་པ་གཉིས་པ་དང་རིམ་པ་དང་པོ།དེ་བཞིན་ཚོང་དོན་སྡོད་གནས་བཅས་འདུག་སྟེགས་རིགས་3ཡོད་པ་དང་ཁྱོན་འཁོར་སྒྲོམ་8དང་འདུག་སྟེགས་556ཡོད་པ་རེད། རླངས་འཁོར་ཡོངས་ཀྱི་བརྡ་ཁྱབ་ནང་བརྡ་ཁྱབ་སྨྱན་སྦྱོར་ཁྱོན་རིགས་9བཀོད་སྒྲིག་བྱས་ཡོད་པ་རེད།འཁོར་སྒྲོམ་8དུ་སོ་སོར་ཁུལ་ཡོངས་ཀྱི་མཚོན་བྱེད་རང་བཞིན་གྱི་པར་རིས་(དམངས་སྲོལ་དང་།ཡུལ་སྲོལ་གོམས་གཤིས། མི་ཆོས།)སྟེ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་།འབའ་ལུང་རྫོང་།ཏན་སྤྲེའུ་སྤུ་སེར།པོ་ཏ་མཚོ།ཆུ་དཀར་ཆུ་ནག སྟག་མཆོང་གྲོག་རོང་།འབའ་ལྷག་དཀར་རྫོང་།པདྨ་རི་བོ།ཁ་བ་དཀར་པོ།གླེགས་བམ།དགའ་ལྡན་སུམ་རྩེན་གླིང་།ནགས་ཕག་མཚོ།ཨ་པུའུ་ཅི་མཚོ།སྟོང་མཚོ་སོགས་ཀྱི་བརྗོད་བྱ་གཙོ་བོ་བྱས་ནས།རྡོག་ཁྲེས་འཇོག་ས་དང་སྒྲོག་ཙེ་ཆུང་ཆུང་།མགོ་སྔས་ལེབ་མོ་བཅས་བརྒྱུད་ནས་བདེ་ཆེན་ཁུལ་གྱི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་གཅིག་སྡུད་ཐོག་མངོན་པར་བྱས་ཏེ་འགྲུལ་པ་མེ་འཁོར་ནང་འཛུལ་མ་ཐག་ལྐོག་གྱུར་གྱི་ཤམ་བྷ་ལར་བསྐྱོད་པ་དང་འདྲ་བར་བག་ཆགས་ཟབ་མོ་བཞག་ཡོད།