ཁུལ་ཡོངས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་11པའི་ཚེས་20ཉིན། ཁུལ་ཡོངས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ། གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བུད་མེད་དང་བྱིས་པའི་ལས་ཀའི་སྐོར་གྱི་གལ་ཆེའི་རྣམ་བཤད། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་སློབ་སྦྱོང་དང་དོན་འཁྱོལ་ནན་ཏན་བྱེད་པ་དང་།བརྗོད་དོན་གཙོ་བོའི་སློབ་གསོ་དང་བསྟུན་ནས། གཞི་རིམ་དུ་ཟབ་ཞུགས་བྱས་ནས་བུད་མེད་དང་བྱིས་པ་ལ་དཀའ་ངལ་དང་རེ་སྒུག་ཡོད་པའི་གནད་དོན་དུས་ཐོག་ཏུ་རྟོགས་པ་དང་ཐག་གཅོད་བྱེད་ནས། སྟོབས་ཤུགས་གང་ཡོད་ཀྱིས་ཁུལ་ཡོངས་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ།

    ཁུལ་ཨུའི་ཧྲུའུ་ཅི། ཁུལ་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་ལུའོ་ཁྲའོ་ཧྥུང་གྲོས་ཚོགས་སུ་ཞུགས་པ་དང་གསང་བཤད་གནང་བ།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཡན་ལན་གྱིས་གྲོས་ཚོགས་གཙོ་སྐྱོང་བྱས།

    གྲོས་ཚོགས་ཐོག་ཞིང་ཡོངས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་གྲོས་ཚོགས་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པ་དང་། ཁུལ་ཡོངས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ལས་ཀའི་སྙན་སེང་སྙན་པ་དང་འབྲེལ་ཡོད་ཡིག་ཆ་ཞིབ་བཤེར་བྱས་ནས་ཁས་བླངས་པ།

    གྲོས་ཚོགས་ཐོག་བུད་མེད་དང་བྱིས་པའི་ལས་ཀ་ཁྱིམ་ཚང་མང་པོ་དང་འབྲེལ་བ་ཡོད་པས། རིམ་པ་ཁག་གི་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་གོ་གནས་མཐོ་རུ་གཏོང་བ་དང་གང་ལེགས་ཀྱིས་བུད་མེད་དང་བྱིས་པའི་ལས་ཀ་ཡག་པོ་སྒྲུབ་དགོས་པའི་གལ་ཆེའི་དོན་སྙིང་ངོས་འཛིན་བྱེད་པ། རྩ་འཛུགས་མཐུན་སྦྱོར་དང་བརྟག་དཔྱད་ཞིབ་འཇུག སྐུལ་འདེད་ཞིབ་བཤེར་བཅས་བྱེད་ཤུགས་ཆེ་རུ་གཏོང་ནས། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ལས་ཀར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

    ཁུལ་གྱི་འགོ་ཁྲིད་དབྱང་ཙི་ཅང་།དབྱང་ཞུན་ཝུན།ཡུས་ཀུན་ཧྥུན།ཀྲང་ཁྲའོ་ཐིན།ཀྲང་ཡུས།ཀྲང་ཁྲེན་ཝུའུ་བཅས་གྲོས་ཚོགས་སུ་ཞུགས་པ།