ལུའོ་ཁྲའོ་ཧྥུང་གིས་རྡོ་མཁར་རྫོང་གི་ཡུལ་སྐོར་སྤུས་འདེགས་ཤོང་སྐྱེད་ལས་ཀར་བརྟག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་11པའི་ཚེས་20ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྲུང་གིས་རུ་སྣེ་ཁྲིད་དེ་རྡོ་མཁར་རྫོང་གི་ཡུལ་སྐོར་སྤུས་འདེགས་ཤོང་སྐྱེད་ལས་ཀར་བརྟག་ཞིབ་གནང་ཞིང་།ཡུལ་སྐོར་གྱི་ལས་རྣམ་ཕུན་སུམ་ཚོགས་པོར་གཏོང་བ་དང་།ཡུལ་སྐོར་ཐོན་ལས་ཀྱི་གསར་གཏོད་ནུས་ཤུགས་དང་འགྲན་རྩོད་ནུས་ཤུགས་ཆེ་རུ་གཏོང་བ་དང་ཕྱོགས་ཡོངས་ནས་རྡོ་མཁར་རྫོང་གི་ཡུལ་སྐོར་སྤུས་ཚད་དང་ཞབས་འདེགས་ཞུས་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ།

    ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡུས་ཧྲེང་ཞང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་བརྟག་ཞིབ་ནང་ཞུགས་ཡོད།

    བརྟག་ཞིབ་གནང་སྐབས། ལུའོ་ཁྲའོ་ཧྥུང་དང་བཅས་པས་རྫོང་མགོ་སྤྱི་གླིང་གི་ཡུལ་སྐོར་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་འཆར་འགོད་དང་བྱང་སྒོ་ས་ཁོངས་འཆར་འགོད་ཀྱི་གནས་ཚུལ་སྙན་ཞུ་སྙན་པ།ཇ་རྟ་འདྲེན་ལམ་དངོས་མང་བཤམས་སྟོན་ཁང་དང་།རྡོ་མཁར་རྫོང་ཏན་ཀྲའེ་ཁ་གསར་བརྗེ་དམངས་སྡོད་རིག་གནས་བཤམས་སྟོན་ཁང་དུ་ཟབ་ཞུགས་བྱས་ནས། གསར་བརྗེའི་ཡུལ་སྐོར་རིག་གནས་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་དང་ཞུགས་མོལ་གནང་ཡོད།

    ལུའོ་ཁྲའོ་ཧྥུང་གིས་རྡོ་མཁར་རྫོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་།ཏན་བོད་ཇ་རྟ་འདྲེན་ལམ་གྱི་ལྟེ་བ་དང་ཏན་ཁྲོན་བོད་བཅས་ཀྱི་དངོས་ཟོག་བར་བརྒྱུད་བྱེད་ས།རིག་གནས་དང་དཔལ་འབྱོར་གྱི་བརྗེ་རེས་ལྟེ་གནས་ཡིན་པ་དང་།སེམས་ཀྱི་ཉི་ཟླའི་ཡུལ་སྐོར་བའི་བསྡུ་འགྲེམ་ལྟེ་གནས་ཡང་ཡིན་པས། རྡོ་མཁར་རྫོང་གི་ཡུལ་སྐོར་སྤུས་འདེགས་ཤོང་སྐྱེད་ལ་སྐུལ་འདེད་གཏོང་བ་དེ་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་གནས་ལ་དོན་སྙིང་གལ་ཆེན་ལྡན་པ་ཞེས་བསྟན།

    ལུའོ་ཁྲའོ་ཧྥུང་གིས་ཚན་རིག་གི་ལུགས་དང་མཐུན་པའི་རྡོ་མཁར་རྫོང་གིས་ནུས་ཁུངས་འཆར་འགོད་དང་བཀོད་སྒྲིག་བྱེད་པ་དང་སྟོབས་ཤུགས་གང་ཡོད་ཀྱི་ཡུལ་སྐོར་ཐོན་རྫས་དང་རྣམ་པ། ལས་རྣམ་བཅས་གསར་གཏོད་དང་ཞབས་འདེགས་ལེགས་སུ་གཏོང་བ། ཚོང་རའི་བདག་གཉེར་གྲུབ་ཆ་གཙོ་བོ་གསོ་སྐྱོང་དང་རྒྱ་སྐྱེད་པ། ཕྱོགས་ཡོངས་ནས་ཡུལ་སྐོར་ཐོན་ལས་ཚོང་ར་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ།གང་ལེགས་ཀྱིས་རྡོ་མཁར་རྫོང་གི་ཁྱད་ཆོས་འདོན་པའི་དུས་མཚུངས་སུ།རྡོ་མཁར་རྫོང་གིས་མེ་གསོད་མེ་འགོག་བདེ་འཇགས་དམ་འཛིན་བྱེད་ནས་མེ་འགོག་ལས་ཀ་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ།