དགུན་དུས་ཀྱི་མཚོ་སྔོན་པོའི་མཛེས་ཉམས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-17   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

    དགུན་དུས་ཀྱི་མཚོ་སྔོན་པོ་ནི་དྭངས་ཤིང་གཙང་བ་ཞིག་ཡིན་ལ། མཚོ་ངོས་སུ་བང་རིམ་སྲབ་མོའི་ཤེལ་གྱིས་བཀབ་པ་དང་འདྲ་བར། མཚོ་ཡི་འགྲམ་རྒྱུད་ནི་གསེར་མདོག་གི་རྩྭ་ཐང་ཡིན་ཞིང་རྒྱང་ཐག་རིང་ས་ནི་སྤྲིན་གྱི་ནང་དུ་ཟུག་པའི་གངས་རི་ཡིན། དཀར་མདོག་གི་ངང་བའི་ཁྱུ་ཚོགས་ཆུ་ནང་གི་ལྷ་མོ་དང་མཚུངས་པར་གཤོག་རྩལ་རྐྱོང་བཞིན་ཆུ་རྩེད་བྱེད་པ་དང་། ཆུ་ཡི་རྦ་རླབས་རེ་རེས་དགུན་དུས་ཀྱི་མཛེས་པའི་རི་མོ་ཞིག་གྲུབ་པ་རེད།

དར་ཆགས་པའི་མཚོ་སྔོན་པོའི་མཚོ་ངོས།

    ལོ་རེའི་ཟླ11ལ། གྲང་རྒྱུན་དང་པོ་མཚོ་སྔོན་པོར་ཐོན་དུས། ཡངས་ཤིང་རྒྱ་ཆེ་ལ་གཡུ་མདོག་གི་མཚོ་ངོས་གྲང་རླུང་ཁྲོད་དར་ཆགས་ཤིང་། ཉི་འོད་འོག་ཏུ་འོད་འཚེར་བཞིན་ཡོད། 

དར་ཆགས་པའི་མཚོ་སྔོན་པོའི་མཚོ་ངོས།

    དགུན་ཁ་སླེབས་དུས། མཚོ་སྔོན་པོས་ངང་དཀར་བརྒྱ་ལྷག་ཕྲག་ལྷག་གནས་དེར་འཕུར་ཡོང་ནས་དགུན་སྒྲོལ་བཞིན་ཡོད། མཚོ་སྔོན་པོ་ནི་མདོ་དབུས་མཐོ་སྒང་ཤར་བྱང་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ཆུ་གནས་གལ་ཆེན་ཡིན་པ་མ་ཟད། ཨེ་ཤ་ཡ་དབུས་རྒྱུད་དང་ཨེ་ཤ་ཡ་ཤར་རྒྱུད་ཀྱི་དུས་བྱ་དགུན་སྒྲོལ་ལམ་ཐིག་གཉིས་འདྲེས་ས་ཡིན།

མཚོ་སྔོན་པོའི་ངང་དཀར།

མཚོ་སྔོན་པོའི་ངང་དཀར།

    མཚོ་ངོས་སྟེང་ཁྱུ་ཚོགས་སྒྲིག་པའི་ཆུ་བྱ་མཉམ་དུ་འདུས་པ་དང་། ཆུ་བྱ་དེ་དག་གིས་སྐབས་རེར་ཆུ་ངོས་སུ་ཉལ་བ་དང་། སྐབས་རེར་འཕུར་ལྡིང་བྱེད་བཞིན་པ། སྐབས་རེར་ཆུ་ནང་དུ་འཛུལ་ནས་ཟས་འཚོལ་བ་སོགས་ཀྱི་རྣམ་པ་རྔམ་བརྗིད་ལྡན་པ་ཞིག་ཡིན་པས། དགུན་ཚུགས་པའི་མཚོ་སྔོན་པོར་མཛེས་སྡུག་གི་ཁ་མདོག་དང་སྐྱེས་སྟོབས་སྦྱིན།

མཚོ་སྔོན་པོའི་ཆུ་བྱའི་ཁྱུ་ཚོགས།

ཆུ་བྱའི་ཁྱུ་ཚོགས་མཚོ་ངོས་ནས་འཕུར་བཞིན་པ།

    དཔྱིད་ཀའི་མེ་ཏོག་དང་སྟོན་ཁའི་ཟླ་བ། དབྱར་ཁའི་བསིལ་རླུང་དང་དགུན་ཁའི་ཁ་བ། ཁྱེད་ཉིད་མཚོ་སྔོན་པོའི་དབྱར་དུས་ཀྱི་འཇམ་མཛེས་ལ་དགའ་ཞིང་དགུན་དུས་ཀྱི་མཚོ་སྔོན་པོའི་མཛེས་ཉམས་ལ་ཡང་དགའ་བར་འགྱུར། དབྱར་དུས་ཀྱི་མཚོ་སྔོན་པོ་ནི་ཁ་མདོག་རྣམ་པར་བཀྲ་ཞིང་འདབ་ཆགས་སྐད་སྙན་འབྱིན་ཞིང་མེ་ཏོག་གི་དྲི་ཞིམ་འཐུལ་བ་ཡིན་ན། དགུན་དུས་ཀྱི་མཚོ་སྔོན་པོས་ལྷིང་འཇགས་ཡོངས་སུ་མངོན་པ་རེད། ལྷ་ཡུལ་ལྟར་མཛེས་པའི་མཚོ་སྔོན་པོའི་དགུན་དུས་ཀྱིས་རང་ལ་གཏོགས་པའི་མཛེས་བ་མངོན་བཞིན་ཡོད། །