ས་མཐོའི་བྱིས་སྒྲུང་གི་འཇིག་རྟེན་ཏེ་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    2023ལོའི་ཟླ་11ཚེས་15ཉིན་གསར་འགོད་པ་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་གྱི་སེམས་ཀྱི་ཉི་ཟླའི་རྒྱལ་ཁབ་སྤྱི་གླིང་དུ་ཡོང་ལ། འདི་ནི་ཀྲུང་གོའི་སྐམ་ས་ཆེ་མོའི་རྒྱལ་ཁབ་སྤྱི་གླིང་དང་པོ་དེ་ཡིན་པ་རེད། དེ་ནི་ང་ཚོས་ཤེས་རྟོགས་བྱུང་བའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དང་།  མཛེས་ལྗོངས་ཁུལ་གྲགས་ཅན། འཛམ་གླིང་ཤུལ་བཞག་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་རིགས་དང་མི་འདྲ་སྟེ། རྒྱལ་ཁབ་སྤྱི་གླིང་ནི་སྲུང་སྐྱོང་གཙོ་བོར་བྱས་ཏེ་ངལ་གསོ་དང་ཁོར་ཡུག་སློབ་གསོར་ལྟ་རྟོག་བྱེད་པའི་སྲུང་སྐྱོང་ཁུལ་གྱི་རིགས་དང་ས་ཆ་བེད་སྤྱོད་བྱེད་སྟངས་ཤིག་རེད།

ཡུལ་སྐོར་བས་རྒྱལ་ཁབ་སྤྱི་གླིང་ན་པར་ལེན་ལྗོངས་རྒྱུ་བྱེད་བཞིན་པ།
     སྤྱི་གླིང་འདི་ཡུན་ནན་ནུབ་བྱང་གི་གཙང་གསུམ་མཉམ་བཞུར་འཛམ་གླིང་རང་བྱུང་ཤུལ་བཞག་ལྟེ་གནས་ཁུལ་དུ་གནས་པ་དང་སྤྱིའི་འཆར་འགོད་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ་601.1ཡོད་ལ། ལྟ་སྐོར་བྱེད་ཆོག་པའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ་300.14ཡོད་དང་། དེའི་ནང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱིས་སྤྱིའི་རྒྱ་ཁྱོན་གྱི་99.81%བཟུང་ཡོད་ལ། སྐྱེད་ཚལ་ནང་གི་ས་བབ་མཐོ་ཤོས་དེ་སྨི་ལི་ཐང་བྱང་རྒྱུད་ཀྱི་རི་རྩེ་ཡིན་ཏེ། ས་བབ་མཐོ་ཚད་སྨི་4159ཟིན་པ། ས་བབ་དམའ་ཤོས་དེ་པོ་ཏ་མཚོའི་ཤར་རྒྱུད་ཀྱི་གསེར་ལུང་ཤུར་དུ་ཡོད་ལ། ས་བབ་མཐོ་ཚད་སྨི་3200ཟིན་ཞིང་། ལྟོས་བཅས་ཀྱིས་མཐོ་ཚད་ཧེ་བག་སྨི་959ཡོད་པ་རེད།

རྒྱལ་ཁབ་སྤྱི་གླིང་གི་ནོར་ཁྱུ།
    “ངའི་ཁྱིམ་རྒྱལ་ཁབ་སྤྱི་གླིང་དེའི་ནང་ཡོད་ལ། དེ་གར་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་དམིགས་བསལ་གྱི་སྣོད་བཅུད་མ་ལག་ཉར་ཚགས་བྱས་ཡོད། ཡུལ་སྐོར་བས་དེ་གར་ནས་བོད་རིགས་ཀྱི་དམངས་སྲོལ་རིག་གནས་དང་སྤྱི་དམངས་ཀྱི་སྣོད་བཅུད་ཡུལ་སྐོར་མྱོང་རོལ་བྱེད་ཆོག་གི་ཡོད”ཅེས་ས་གནས་དེ་གའི་སྣེ་ཤན་པ་སྒྲོལ་མ་ཡིས་གསར་འགོད་པར་བཤད། ཁོང་གིས“ང་སློབ་གྲྭ་ཐོན་རྗེས་དེ་གར་ལམ་སྟོན་པར་ཡོང་བ་ཡིན། ད་ཆ་དེ་གར་ལས་ཀ་བྱས་ནས་ལོ་7སོང་ཡོད། སེམས་ཀྱི་ཉི་ཟླར་མི་ཡུལ་གྱི་དག་ཞིང་གི་མཚན་སྙན་ཡོད་ལ། དེ་ཡིན་སེམས་ཀྱི་ཉི་ཟླའི་རྒྱལ་ཁབ་སྤྱི་གླིང་ནི་མི་ཡུལ་གྱི་དག་ཞིང་འདིའི་ཁྲོད་ཀྱི་མུ་ཏིག་ཟློག་པོ་དེ་ཡིན་”ཅེས་བཤད།