ཀུ་ཤུ་ཆུང་ཆུང་གིས་གྲོང་གསེབ་དར་རྒྱས་ཀྱི་ཐོན་ལས་ཆེན་པོ་གྲུབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།




    

    སྟོན་དུས་ཀྱི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་ཐང་སྨད་གྲོང་དུ་ཀུ་ཤུའི་དྲི་ཞིམ་འཐུས་ལ། ཐང་སྨད་གྲོང་གི་བཀྲ་ཤིས་ཚང་གི་ཀུ་ཤུ་ལྡུམ་རར་འབྲས་བུ་གཡུར་དུ་ཟ་བས་བཀྲ་ཤིས་ཀྱིས་ངོ་གདོང་ལ་སྤྲོ་སྣང་ཁེངས་ནས་ཀུ་ཤུ་འཐུ་བཞིན་ཡོད།

    ཉི་ཤར་ཤང་ཐང་སྨད་གྲོང་ནི་ས་རྒྱུ་གཤིན་ལ་ཆར་ཆུ་སྙོམས་སྒྲིག་པ་དང་། ཉི་འོད་འདང་ངེས་ཡིན་ལ། ཉིན་མཚན་གྱི་དྲོད་ཁྱད་ཆེ་བས་ཀུ་ཤུ་སྐྱེས་པར་ཧ་ཅང་འཚམ་པོ་ཡོད། ས་གནས་དེ་གའི་ཀུ་ཤུའི་ཁ་དོག་རྣམ་པར་བཀྲ་བ་དང་། མངར་སྐྱུར་འོས་འཚམ་ཡིན་པ། ཁུ་བ་ཞིམ་པོ་མང་བ་བཅས་ལ་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

   

    བཀྲ་ཤིས་ཀྱིས་དེ་སྔ་འདེབས་འཛུགས་བྱེད་སྟངས་རྗེས་ལུས་ཐེབས་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཕོག་པའི་དབང་གིས་ཉི་ཤར་གྱི་ཀུ་ཤུ་"རི་ཁྲོད་དུ་སྦས་ནས་ངོ་ཤེས་མཁན་གཅིག་ཀྱང་མེད། ལོ་མང་རིང་འཚོལ་ཞིབ་དང་ཚོད་ལྟ་བྱས་པ་བརྒྱུད་ངའི་ཚང་གིས་ཚན་རིག་དང་མཐུན་པའི་འདེབས་འཛུགས་དོ་དམ་བྱེད་སྟངས་ཆ་ཚང་ཞིག་ཁོང་དུ་ཆུད་པ་དང་མིག་སྔར་ཀུ་ཤུ་མུའུ་15རྒྱུ་སྤུས་བཟང་ལ་གཟུགས་ཆེ་བས་ལོ་རེར་ཉོ་སྒྲུབ་བྱེད་དུ་ཡོང་བའི་ཡུལ་སྐོར་ཚོང་བ་དང་འཐུ་རུ་ཡོང་བའི་མི་རྒྱུན་མི་ཆད་པ་རེད། ལོ་རེར་ལྡུམ་ར་འདིའི་ཀུ་ཤུ་བཙོང་ནས་ཡོང་འབབ་སྒོར་ཁྲི་3ལྷག་བྱུང་ཐུབ་ཞེས་ཟེར།

  

    ཉེ་བའི་ལོ་ཤས་རིང་།  ཉི་ཤར་ཤང་ཏང་ཨུ་དང་སྲིད་གཞུང་གིས་ས་གནས་དེ་གའི་དགེ་མཚན་དང་ཟུང་འབྲེལ་བྱས་ཏེ་གྲུབ་ཚུལ་ལེགས་སྒྲིག་དང་སྣ་རིགས་ལེགས་སྒྲིག  ཞབས་ཞུ་སྟོབས་ལྡན་བཅས་བྱས་ནས་ཀུ་ཤུའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་མ་ཟད།  ཟམ་པ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གློག་རྡུལ་ཚོང་དོན་ལས་སྟེགས་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་ཞིང་ལས་ཐོན་རྫས་བྲིན་ཚོང་གི་ཐབས་ལམ་སྔར་བས་ཤར་གཏོང་ཐུབ་པ་དང་འབྲེལ་རྒྱ་ཆེར་བཏང་ནས་ཞིང་པར་འབབ་འཕར་ཡོང་རྒྱུར་རོགས་རམ་བྱས་པ་རེད།