གནས་ཆེན་ཁ་བ་དཀར་པོའི་འདབས་སུ་རྒུན་ཆང་གི་དྲི་ཞིམ་ཁྱབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་10ཚེས་9ཉིན་གྱི་ཕྱི་དྲོ། རྒྱལ་སྤྱིའི་ས་བབ་མཐོ་བའི་རྒུན་འབྲུམ་དང་རྒུན་ཆང་ཐོན་ལས་གླེང་སྟེགས་དེ་འཇོལ་རྫོང་དགོན་པའི་སྟེང་ཐང་ཆེན་དུ་འཚོགས་པ་རེད།རྒུན་ཆང་གི་རིགས་ཤིག་ཁེ་ལས་ཀྱི་འཐུས་མིས་འོས་སྦྱོར་ངོ་སྤྲོད་བྱེད་སྐབས་ལུས་ལ་བོད་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་པའི་ལས་དོན་མི་སྣས་ས་གནས་ཁག་ནས་ཡོང་བའི་ཆེད་ལས་ཨ་རག་འཚོང་མཁན་གྱི་སྒྲོག་ཙེའི་ཐོག་གི་ཁེ་ལས་11གིས་རང་སོ་སོས་ཐོན་སྐྱེད་བྱས་པའི་རྒུན་ཆང་སྣ་ཚོགས་ཡུལ་དངོས་སུ་འགྲེལ་བཤད་བརྒྱབ་པ་རེད།

    

        ཀྲུང་གོ་ཨ་རག་རིགས་འཁོར་རྒྱུག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་སྐུ་ཞབས་ལིའུ་ཡོན་དང་ཀྲུང་གོ་ཨ་རག་རིགས་འཁོར་རྒྱུག་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཀྲུང་གོ་ཨ་རག་རིགས་འཁོར་རྒྱུག་མཐུན་ཚོགས་རྒུན་ཆང་ཆེད་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཝང་ཙུའུ་མིང་དང་དེ་བཞིན་བདེ་ཆེན་སེམས་ཀྱི་ཉི་ཟླའི་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཐང་ལེ་སོགས་ཀྱིས་འཇོལ་རྫོང་གི་མཛེས་ལྗོངས་དང་ཆང་ཞིམ་པོར་བསྔགས་བརྗོད་ཡང་ཡང་བྱེད་ཀྱི་ཡོད།

    ཀྲུང་གོ་དང་ཕྱི་རྒྱལ་གྱི་བཟའ་བཏུང་རིག་གནས་སྤེལ་རེས་གཞུང་ཚབ་ཆེ་མོ་བ་ཧྥ་རན་སེ་བ་ཨན་ནའོ་ནའོ་ཡིས་འདི་གར་ཐེངས་དང་པོ་ཡོང་བ་ཡིན། ཁ་བ་དཀར་པོ་ཧ་ཅང་མཛེས་པོ་འདུག ཚང་མར་གོ་སྐབས་བྱུང་ཚེ་འདི་གར་ཡུལ་སྐོར་དང་ཞག་སྡོད་ཡོང་ངེས་ཡིན། འདི་གའི་ཁོར་ཡུག་ཧ་ཅང་ཡག་པོ་ཡོད་པས་ང་ཚོས་རང་བྱུང་ཁམས་དང་བདེ་ཐང་གི་ཀྲུང་གོའི་ཐོན་རྫས་བཟང་པོ་ཁྱབ་གདལ་གཏོང་རྒྱུར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ལ་འདི་གར་རྒུན་འབྲུམ་འདེབས་འཛུགས་བྱེད་པའི་ཁོར་ཡུག་ཧ་ཅང་ཡག་པོ་ཡོད་ཅེས་བཤད།

    

        མི་མང་པོ་ཞིག་གིས་ཆང་ཞིམ་པོ་བླུགས་སའི་རྐང་མཐོའི་པེ་ཙི་འཁྱེར་ནས་སྡོད་ས་དང་བྲལ་ཏེ་ཚང་མས་ཞབས་དག་བྱས་ནས་ཕན་ཚོན་དབར་གྱི་བར་ཐག་ཉེ་རུ་ཕྱིན་པ་མ་ཟད། བདེ་ཆེན་ནས་ཐོན་པའི་རྒུན་ཆང་འཛམ་གླིང་ཕྱོགས་སུ་བསྐྱོད་ཐུབ་པ་བྱུང་ཡོད།