ཞོལ་ལུང་ཆུ་གློག་ས་ཚིགས་ཐད་ཀྱི་གཏམ་བཟང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        རྒྱལ་ཁབ་ནུས་རྒྱུ་ཚོགས་པས་ཚེས་11ཉིན་ཀུང་སིའི་ཁོངས་གཏོགས་ཀྱི་འབྲི་ཆུའི་ཞོལ་ལུང་ཆུ་གློག་ས་ཚིགས་ཉིན་དེར་གཙང་པོ་ཆེན་པོའི་བཞུར་རྒྱུན་གཅོད་རྒྱུ་གྲུབ་འབྲས་ཐོབ་པའི་ངང་མངོན་འགྱུར་བྱུང་བ་ཁྱབ་བསྒྲགས་བྱས་པ་རེད།

        ཞོལ་ལུང་ཆུ་གློག་ས་ཚིགས་ནི་སི་ཁྲོན་ཞིང་ཆེན་སྡེ་རོང་རྫོང་དང་ཡུན་ནན་ཞིང་ཆེན་འཇོལ་རྫོང་འབྲེལ་མཚམས་ཀྱི་འབྲི་ཆུའི་གཞུང་རྒྱུན་སྟོད་རྒྱུད་ཀྱི་ཆུ་བོའི་དུམ་བུར་གནས་པ་དང་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་240ཟིན་པ་རེད། 

        གློག་ཁང་བསྐྲུན་རྗེས་ལོར་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་105ཙམ་ཟིན་གྱི་ཡོད།འདི་ནི་འབྲི་ཆུའི་སྟོད་རྒྱུད་དུ་འཛུགས་སྐྲུན་བྱེད་བཞིན་པའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆེས་ཆེ་བའི་ཆུ་གློག་ས་ཚིགས་ཡིན་པ་རེད།

        རྒྱལ་ཁབ་ནུས་རྒྱུ་ཚོགས་པ་འབྲི་ཆུའི་ཞོལ་ལུང་ཀུང་སིའི་ལས་གྲྭ་འཛུགས་སྐྲུན་ཁྲུའུ་ཡི་ཀྲུའུ་རེན་ཧོ་ལེ་ཡིས་ཐེངས་འདིའི་བཞུར་རྒྱུན་གཅོད་པར་ཆུ་རྒྱུན་གཅོད་པའི་ཇུས་གཞི་སྤྱད་དེ་ཐེངས་གཅིག་ལ་ཆུ་ལམ་གཅོད་པ་དང་།སྟོད་སྨད་ཀྱི་ཆུ་རགས་ཀྱིས་ལོ་ཧྲིལ་པོར་ཆུ་འགོག་པ།བཞུར་རྒྱུན་གཅོད་པའི་ཚད་གཞི་ནི་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ་1263.5ཡིན་པ།བཞུར་རྒྱུན་གཅོད་པའི་མྱུར་ཚད་མགྱོགས་ཤོས་དང་འབབ་ཁྱད་ཆེ་ཤོས་སོགས་ཆུ་ཤུགས་རིག་པའི་དམིགས་ཚད་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད། རྣམ་གྲངས་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་འབྲི་ཆུའི་སྟོད་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གསར་སྤེལ་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་ནུས་རྒྱུའི་གྲུབ་ཆ་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་ས་ཁོངས་ཀྱི་གློག་ཤུགས་མཁོ་སྤྲོད་ཀྱི་འགལ་བ་ཞི་ལྷོད་དུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད་པ་རེད།