དགུན་དུས་ཀྱི་པོ་ཏ་མཚོའི་མཛེས་ལྗོངས་ནི་རི་མོ་དང་འདྲ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

དགུན་འགོའི་པོ་ཏ་མཚོའི་ཞོགས་པའི་ཉི་འོད་
ཐོག་མར་འཕྲོས་པ་ན་
མཚོ་ངོས་སུ་སྐར་འོད་ཆེམ་ཆེམ་དུ་བཀྲ་བས་
མཛེས་སྡུག་རྨད་དུ་བྱུང་།

རྒྱང་རིང་གི་རི་བོ་ནི་ཚོན་མདོག་རྣམ་པར་བཀྲ་ཞིང་། 
རི་བོའི་གཟུགས་བརྙན་མཚོ་ངོས་སུ་ཤར་ནས་
ཆུ་འོད་དང་མཛེས་པ་འགྲན་པ།

སྔོ་ཐིང་ཐིང་གི་རྩྭ་ཆུ་རླབས་དང་བསྟུན་ནས་གཡོ་འགུལ་བྱེད་པས།

ཆུ་ནང་དུ་ནགས་ཚལ་གྱི་གཟུགས་བརྙན་གྱིས་ཡིད་དུ་འོང་པར་མངོན་ཡོད། 

ཡུལ་སྐོར་བ་བཞི་རེ་ལྔ་རེ་འཛོམས་ནས་
འཆམ་འཆམ་དུ་འགྲོ་བ་ན་རི་མོའི་དབུས་སུ་གནས་ཤིང་རྒྱུ་བ་དང་ཀུན་ནས་མཚུངས་སོ།།