རང་ཁུལ་གྱིས་གྲོང་གསེབ་ཡུལ་སྐོར་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    རིག་གནས་ཀྱི་ནང་དོན་ཟབ་མོར་བརྟེན་པ་དང་གྲོང་གསེབ་ཀྱི་ཡུལ་སྐོར་དང་ཟུང་འབྲེལ་བྱས་ཏེ་བདེ་ཆེན་ཁུལ་མི་རིགས་ཆོས་ལུགས་ཨུ་ལྷན་གྱིས་གཙོ་དོན་སློབ་གསོ་གོ་སྐབས་སུ་བྱས་ནས་སྤྱོད་ཚུལ་གསར་བརྗེ་དང་ཕན་ནུས་གསར་བརྗེར་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་བཏང་སྟེ་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་སྟེགས་བུ་བསྐྲུན་པ་དང་། "ཤུགས་སྣོན་བཞི་"ཡི་ཐད་འབད་བརྩོན་བྱས་ཏེ་མི་རིགས་གྲོང་སྡེའི་ཡུལ་སྐོར་རིམ་སྤོར་ལས་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་ཡུལ་སྐོར་བའི་སྣ་མང་ཅན་དང་རིམ་པ་མང་བའི་རིག་གནས་ཡུལ་སྐོར་གྱི་དགོས་མཁོ་སྔར་བས་སྐོང་བ་དང་ཡུལ་སྐོར་བའི་ཐོབ་སྣང་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་བཏང་ཡོད།

    ལམ་སྲོལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་འཛིན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་འཛུགས་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། བདེ་ཆེན་ཁུལ་གྱི་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དེ་《བདེ་ཆེན་ཁུལ་གྱི་མི་རིགས་གྲོང་སྡེའི་ཡུལ་སྐོར་མཐོར་འདེགས་ལས་གྲྭའི་ལོ་གསུམ་གྱི་བྱ་སྤྱོད་(2023-2025)》འཆར་ཟིན་བཀོད་ནས་གཏན་འབེབས་བྱས། མི་རིགས་གྲོང་སྡེའི་ཡུལ་སྐོར་མཐོར་འདེགས་བྱ་བར་སྐུལ་འདེད་གཏོང་བར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཡོད།

    གནས་འདེམས་ཐོ་འགོད་སྙན་སེང་ཞུ་ཤུགས་ཆེ་རུ་བཏང་བ། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་གྱི《མི་རིགས་གྲོང་སྡེའི་ཡུལ་སྐོར་རིམ་སྤོར་མིང་ཐོ་ཁག་དང་པོའི་(2023་ལོ་འཁོར་)གདམ་གསེས་འོས་སྦྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོའི་》བླང་བྱ་གཞིར་བཟུང་བདེ་ཆེན་ཁུལ་གྱིས་མི་རིགས་གྲོང་སྡེའི་ཡུལ་སྐོར་རིམ་སྤོར་མིང་ཐོ་གདམ་གསེས་འོས་སྦྱོར་ལས་དོན་སྒྲིག་འཛུགས་ནན་ཏན་བྱས་ནས་སྤེལ་བ་དང་མི་རིགས་གྲོང་སྡེའི་ཡུལ་སྐོར་རིམ་སྤོར་དཔེ་སྟོན་གྲོང་ཚོའི་འདེམས་གནས་ཁག་དང་པོའི་(2023་ལོ་འཁོར་)ཐོ་འགོད་སྙན་སེང་ལས་དོན་ལེགས་སྒྲུབ་བྱས་པ་རེད།

    གོ་གནས་མཐོན་པོས་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་བ། བདེ་ཆེན་ཁུལ་གྱིས་ཆབ་སྲིད་ས་ཚིགས་ཀྱི་གནས་བབ་མཐོ་རུ་བཏང་ནས་རིམ་ཁག་གི་འགན་འཁྲི་ནན་དུ་བཏང་བ་དང་བྱ་ཐབས་ཞིབ་ཚགས་སུ་བཏང་སྟེ་ལས་དོན་ཁག་ལ་སྔོན་ཐོན་གྱི་གནས་བབ་བརྩོན་ལེན་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།མི་རིགས་གྲོང་སྡེ་ཡུལ་སྐོར་རིམ་སྤོར་མིང་ཐོ་ཁག་དང་པོའི་(2023་ལོ་འཁོར་)ཁྲོད་ཀྱི་དཔེ་སྟོན་གྲོང་ཚོ་24་ཡི་འཛུགས་སྐྲུན་རྣམ་གྲངས་དེ་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་ལག་བསྟར་བྱས་པའི་"ཁྲི་བརྒྱ་སྟོང་"གི་དཔེ་སྟོན་གྲོང་ཚོ་རྩེ་གྲ་དང་མི་རིགས་ཆོས་ལུགས་སྡེ་ཚན་གྱིས་ལག་བསྟར་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་"ཁྲི་བརྒྱ་སྟོང་"གི་དཔེ་སྟོན་སྣེ་ཁྲིད་འཛུགས་སྐྲུན་དཔེ་སྟོན་གྲོང་ཚོ་དང་དེ་བཞིན་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་ལག་བསྟར་བྱས་པའི་གྲོང་གསེབ་ཀྱི་ཡུལ་སྐོར་ཁྱད་ལྡན་དཔེ་སྟོན་གྲོང་ཚོ་དང་ཡུལ་སྐོར་གྲགས་ཅན་གྲོང་ཚོ་སོགས་ཀྱི་རྣམ་གྲངས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

    མ་དངུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ།2023ལོར། བདེ་ཆེན་གྱིས་མི་རིགས་གྲོང་ཚོའི་ཡུལ་སྐོར་རིམ་སྤོར་དཔེ་སྟོན་གྲོང་ཚོའི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་240དམིགས་སར་འབྱོར་བ་དང་།མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་འདོན་སྤེལ་དང་རྣམ་གྲངས་ལ་མ་འཇོག་གི་ཕན་འབྲས་འདོན་སྤེལ་ཐུབ་པའི་འགན་ལེན་བྱ་ཆེད། རྫོང་རིམ་པའི་མི་རིགས་ཆོས་ལུགས་སྡེ་ཚན་གྱིས་སྣེ་ཁྲིད་དེ་རྣམ་གྲངས་མ་དངུལ་བེད་སྤྱོད་བྱས་ཚུལ་ལ་རྗེས་འདེད་བཏང་ནས་མ་དངུལ་བེད་སྤྱོད་ཀྱི་མྱུར་ཚད་ཁོང་དུ་ཆུད་པ་བྱས་ཏེ་གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་མ་དངུལ་གྱིས་འདོན་འོས་པའི་ཕན་འབྲས་འདོན་སྤེལ་ཐུབ་པའི་འགན་ལེན་བྱས་པ་དང་འབྲེལ་མ་དངུལ་དོ་དམ་བེད་སྤྱོད་དང་རྣམ་གྲངས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ལ་དུས་ཐོག་ཏུ་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།