སེམས་ཀྱི་ཉི་ཟླའི་སྟོང་མཚོ་རྒྱལ་ཁབ་འདམ་རའི་མིང་གཞུང་ནང་ཚུད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟོང་མཚོ་རྒྱལ་ཁབ་འདམ་ར་གལ་ཆེན་གྱི་རྒྱ་ཁྱོན་ལ་སྤྱི་ཆིང་578.32ཟིན་པ་དང་། གཙང་གསུམ་མཉམ་བཞུར་འཛམ་གླིང་རང་བྱུང་ཤུལ་བཞག་ལྟེ་བའི་ཁུལ་དུ་གནས་ཡོད། འཕྲེད་བཅད་རི་ཁྲོད་ཀྱི་ས་མཐོའི་ངོས་སུ་གཅིག་སྡུད་ཡུག་སྦྲེལ་གྱིས་ཁྱབ་པའི་རི་མཐོའི་འཁྱགས་རོམ་བསླད་སྐྱོན་ཐེབས་པའི་མཚེའུ་ཁྱུ་དང་ཨེ་ཤེ་ཡའི་རི་མཐོའི་འདམ་རྫབ་འདམ་རའི་སྣོད་བཅུད་མ་ལག་དང་དེ་བཞིན་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་ཡུལ་གཙོ་བོར་བྱས་ཏེ་རང་བྱུང་མཛེས་ལྗོངས་དང་བོད་རིགས་ཀྱི་དམངས་སྲོལ་གོམས་གཤིས་ཞི་མཐུན་མཉམ་འདྲེས་ཡོང་བ་བྱས་ཡོད།

    སྟོང་མཚོ་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཐུན་སྒྲིལ་གྲོང་ཚོར་གནས་པ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་ཡུན་བོད་གཞུང་ལམ་བརྒྱུད་ལྷོ་ཕྱོགས་སུ་སྤྱི་ལེ་50བསྐྱོད་ཚེ་སླེབས་ཀྱི་ཡོད།

    སྟོང་མཚོ་ནི་མཚོ་ཆུང་སྟོང་ཕྲག་མང་པོས་གྲུབ་པ་རེད།མཚེའུ་དེ་དག་ལ་མེ་ལོང་དང་འདྲ་བ་དང་ལ་ལ་རི་གཤོང་གི་ཟབ་སར་བསྐོར་བ།ལ་ལ་རྩྭ་ཐང་གི་དཀྱིལ་དུ་ཁེར་རྐྱང་དུ་གནས་པ་སོགས་ངོ་མཚར་བའི་དབྱིངས་གཟུགས་སྣ་ཚོགས་ཡོད་པ་རེད།ལོ་རེའི་ཟླ9པ་ནས་ཟླ10པའི་བར་སྟོང་མཚོའི་མཐའ་འཁོར་གྱི་གདོད་མའི་ནགས་ཚལ་དེ་ཚོན་མདོག་སྣ་ལྔའི་ནགས་ཚལ་དུ་གྱུར་ནས་ཧ་ཅང་མཛེས་པ་རེད།

    རྒྱུས་ལོན་བྱུང་བ་ལྟར་ན།མིག་སྔའི་བར་དུ།རྒྱལ་ཡོངས་སུ་ཁྱོན་འདམ་ར་58རྒྱལ་ཁབ་ཀྱི་འདམ་རའི་མིང་ཐོ་ནང་ཚུད་ཡོད་པ་རེད།ཐེངས་འདིའི་ཡུན་ནན་གྱི་མིང་ཐོའི་ནང་ཚུད་པའི་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་3ཚང་མ་ཡུན་ནན་ས་མཐོའི་འདམ་རའི་དཔེ་མཚོན་འཐུས་ཚབ་ཡིན་ལ།སྣོད་བཅུད་ཀྱི་ནུས་པ་མངོན་གསལ་དོད་པ་དང་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་སྣ་མང་ཕུན་སུམ་ཚོགས་པའི་རང་བྱུང་སྣོད་བཅུད་དང་མངོན་གསལ་དོད་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁྱད་ཆོས་གཞི་གཅིག་ཏུ་འདུས་པ་དང་དམིགས་བསལ་རང་བཞིན་དང་དཀོན་པའི་རང་བཞིན་མངོན་གསལ་དོད་པོ་ཡོད་པས་ཚན་རིག་ཞིབ་འཇུག་གི་རིན་ཐང་དང་སྲུང་སྐྱོང་གི་རིན་ཐང་ཧ་ཅང་མཐོ་པོ་ཡོད།