རྡོ་མཁར་རྫོང་དུ་ཡུལ་སྐོར་གྱི་ཚ་རླབས་སྔར་བཞིན་འཕྱུར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ11པའི་ཚེས5ཉིན། བདེ་ཆེན་སེམས་ཀྱི་ཉི་ཟླ་རུ་ཡུལ་སྐོར་བ་རྣམས་ལུས་སུ་བོད་ལྭ་གོན་ནས་རྡོ་མཁར་རྫོང་གི་རྡོ་བཅལ་བརྒྱུད་ནས་པར་བླངས་བཞིན་ཇ་རྟའི་གནའ་ལམ་གྱི་གྲོང་རྡལ་གཙོ་བོའི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་ཁྲོད་སེམས་ཀྱི་ཉི་ཟླའི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་བྱེད་བཞིན་ཡོད།

    ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་རིག་གནས་རྒྱུན་འཛིན་བྱས་པའི་རྡོ་མཁར་རྫོང་ནི་སེམས་ཀྱི་ཉི་ཟླའི་ཡུན་རིང་ལོ་རྒྱུས་རིག་གནས་ཀྱི་གཞི་རྟེན་དང་གླེང་མང་བའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཞིག་ཡིན་པ་དང་། མིག་སྔར་བདེ་ཆེན་གྱི་སྟོན་དུས་དང་དགུན་ཁའི་ཡུལ་སྐོར་དུས་ཚིགས་གསར་པ་ཡིན་པས་རྡོ་མཁར་རྫོང་གིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་ཡོང་རྒྱུར་ཡིད་དབང་བཀུག་ནས་ཡུལ་སྐོར་གྱི་ཚ་རླབས་སྔར་བཞིན་འཕྱུར་བཞིན་འདུག

    དགུན་དུས་ཀྱི་ཡུལ་སྐོར་ཁྲོམ་ར་མགྱོགས་མྱུར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་བདེ་ཆེན་ཁུལ་གྱིས་ད་ལོ་ཡུལ་སྐོར་གཟིགས་སྐྱོང་བྱ་ཐབས་དང་ངོ་མཚར་ཆེ་བའི་ཡུལ་སྐོར་བྱེད་སྒོ་མང་པོ་སྤེལ་ནས་ཡུལ་སྐོར་བར་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཉམས་མྱོང་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།