ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་གྱི་ཚ་ཤུད་ཚོད་ལྟ་བདེ་བླག་ངང་ལེགས་གྲུབ་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ11པའི་ཚེས4ཉིན།ཡུན་བོད་ལྕགས་ལམ་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལམ་དུམ་གྱི་ཚ་ཤུད་ཚོད་ལྟ་བདེ་བླག་ངང་ལེགས་གྲུབ་བྱུང་བ་དེས་ལམ་ཐིག་ཧྲིལ་པོའི་ཚ་ཤུད་དྲ་བ་དང་མེ་འཁོར་ལ་གློག་གཞུ་ཕོག་པའི་དབར་གྱི་གཞུ་དབྱིབས་དྲ་བའི་འབྲེལ་བ་དང་བར་མཐོངས་དབྱིབས་རྩིས་ཆེ་ཆུང་སོགས་ཞུགས་གྲངས་ཇུས་འགོད་ཀྱི་བླང་བྱ་དང་མཐུན་ནས་ལོ་འདིའི་ནང་ཤར་གཏོང་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་མཚོན་ཡོད།

    ཐེངས་འདིའི་ཚ་ཤུད་ཚོད་ལྟ་དེ་ས་དམ་བབས་ཚུགས་ནས་བྱང་ཕྱོགས་སུ་སྟག་མཆོང་གྲོག་རོང་དང་ཡང་ཐང་གྲོང་རྡལ་ནས་སེམས་ཀྱི་ཉི་ཟླ་བར་དྲངས་པ་དང་། ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་ཚོགས་པ་ཚད་ཡོད་ཀུང་སིས་ཨར་ལས་དང་ལྟ་སྐུལ་དོ་དམ་སོགས་ཚན་པའི་འབྲེལ་ཡོད་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་བརྒྱུད་རིམ་ཧྲིལ་པོར་ཞུགས་ནས།ཚོད་ལྟ་བྱེད་པར་རྩ་འཛུགས་དང་ལག་རྩལ་གྲ་སྒྲིག་འདང་ངེས་བྱས་ནས་ཚ་ཤུད་ཚོད་ལྟ་ལེགས་འགྲུབ་ཡོང་བར་འགན་ལེན་ནུས་ལྡན་བྱས་ཡོད།

    ཡུན་བོད་ལྕགས་ལམ་གྱི་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལམ་དུམ་གྱི་རིང་ཚད་ཧྲིལ་པོར་སྤྱི་ལེ་139.7ཡོད་པའི་ནང་དྲ་སྦྲེལ་འཛུགས་སྐྲུན་སྤྱི་ལེ་186བསྐྲུན་ཡོད།ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དེ་རྒྱལ་ཁབ་ཀྱི་Iརིམ་པའི་གློག་ཤུགས་ཅན་གྱི་ལྕགས་ལམ་ཡིན། དེ་ནི་རང་རྒྱལ་གྱི་དུས་ཡུན་འབྲིང་རིང་གི་ལྕགས་ལམ་དྲ་བའི་འཆར་འགོད་ཁྲོད་ཀྱི་ནུབ་རྒྱུད་ལྕགས་ལམ་དྲ་བའི་ཁྲོད་ཀྱི་ཡུན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་རེད།ལྕགས་ལམ་བསྐྲུན་ཟིན་ནས་ཤར་གཏོང་ཐུབ་རྗེས་ས་དམ་གནའ་གྲོང་དང་།ལ་ཧྲི་ཧའེ།ཡུས་ལུང་གངས་རི། སྟག་མཆོང་གྲོག་རོང་། ཧ་པ་གངས་རི།སེམས་ཀྱི་ཉི་ཟླ་སོགས་གྲགས་ཅན་མཛེས་ལྗོངས་ཁུལ་དང་སྦྲེལ་བའི་ཆེས་མཛེས་པའི་མཁའ་ལམ་དེ་སྒུལ་འཁོར་དུས་རབས་་བསུ་རྒྱུ་རེད།ཡུན་ནན་ནུབ་བྱང་མི་རིགས་ས་ཁུལ་གྱི་ཡུལ་སྐོར་དཔལ་འབྱོར་གོང་དུ་འཕེལ་བར་སྲུང་སྐྱོང་དང་སྐུལ་འདེད་གཏོང་བ་དང་།་ཡུན་ནན་མཐའ་མཚམས་མི་རིགས་ས་ཁུལ་གྱི་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད།