བློ་མཐུན་ལི་ཁི་ཆང་གི་སྐུ་ཚེ་ཧྲིལ་བོའི་པར་རིས་གཅེས་བཏུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-03   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

བློ་མཐུན་ལི་ཁི་ཆང་གི་སྐུ་ཚེ་ཧྲིལ་བོའི་པར་རིས་གཅེས་བཏུས།

图片

2013ལོའི་ཟླ3པའི་ཚེས15ཉིན་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་འཚོགས། གྲོས་ཚོགས་ཀྱིས་འདེམ་ཤོག་འཕངས་ནས་བརྡས་ཐག་བཅད་པ་བརྒྱུད། ལི་ཁེ་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བདམས། འདི་ནི་བློ་མཐུན་ཞི་ཅིན་ཕིང་དང་བློ་མཐུན་ལི་ཁེ་ཆང་གིས་བྱམས་བརྩེའི་ངང་ལག་འཇུ་བྱེད་པའི་ཚུལ་རེད།

图片

1993ལོའི་ཟླ5པའི་ཚེས3ཉིན་གྱི་ཕྱི་དྲོར། ཀྲུང་གོ་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པའི་ཐེངས་བཅུ་གསུམ་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་འཚོགས། ཟླ5པའི་ཚེས3ཉིན་གྱི་ཕྱི་དྲོའི་གྲ་སྒྲིག་གྲོས་ཚོགས་རྗེས་སུ། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་ལ། བློ་མཐུན་ལི་ཁེ་ཆང་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིར་བདམས། འདི་ནི་བློ་མཐུན་ཅང་ཙེ་རྨིན་དང་བློ་མཐུན་ལི་ཁེ་ཆང་གིས་ལག་འཇུ་བྱེད་པའི་རྣམ་པ་རེད།

图片

2008ལོའི་ཟླ12པའི་ཚེས1ཉིན་ནི་ཐེངས21པའི་འཛམ་གླིང་ཨེ་ཙི་ནད་འགོག་ཉིན་མོ་ཡིན། བློ་མཐུན་ཧུའུ་ཅིན་ཐའོ་དང་བློ་མཐུན་ལི་ཁེ་ཆང་པེ་ཅིན་ཏིས་ཐན་སྨན་ཁང་དུ་ཕེབས་ནས་ཨེ་ཙི་ནད་འགོག་བཅོས་བྱ་བར་རྟོག་ཞིབ་གནང་།

图片

2003ལོའི་ཟླ8པའི་ཚེས8ཉིན། བློ་མཐུན་ལི་ཁེ་ཆང་གིས་ཧི་ནན་ཞིང་ཆེན་ཞིན་ཞང་གྲོང་ཁྱེར་དུ་རྟོག་ཞིབ་གནང་། འདི་ནི་བློ་མཐུན་ལི་ཁེ་ཆང་གིས་ཡོན་དབྱང་རྫོང་ཆའོ་པའེ་ཤང་མ་ཀྲོང་སྡེ་བ་རུ་མང་ཚོགས་དང་བྱམས་བརྩེའི་ངང་ཁ་བརྡ་བྱེད་པའི་ཚུལ་རེད།

图片

2004ལོའི་ཟླ12པའི་ཚེས26ཉིན། ལི་ཁེ་ཆང་ལའེ་ཉིང་ཞིང་ཆེན་ཧྥུའུ་ཧྲུན་གྲོང་ཁྱེར་མའོ་ཏིས་ཀུ་སྤྱིལ་ཁྱིམ་ཁུལ་གྱི་སྡོད་དམངས་ཝང་ཧྲུའུ་ཀྲིན་ཁྱིམ་དུ་ཕེབས་ནས་རྟོག་ཞིབ་བྱེད་པའི་ཚུལ་རེད།

图片

2013ལོའི་ཟླ5པའི་ཚེས26ཉིན། བློ་མཐུན་ལི་ཁེ་ཆང་པའོ་ལིན་དུ་འཇར་མན་རྒྱལ་ཁབ་ཀྱི་ཙུང་ལི་མའོ་ཁེ་ཨར་གྱིས་སྤེལ་བའི་དགའ་བསུ་མཛད་སྒོར་ཞུགས་པའི་ཚུལ་རེད།

图片

2014ལོའི་ཟླ3པའི་ཚེས5ཉིན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་འཚོགས། བློ་མཐུན་ལི་ཁེ་ཆང་གིས་སྲིད་གཞུང་གི་བྱ་བའི་སྙན་ཞུ་ཕུལ་བའི་ཚུལ་རེད།

图片

2008ལོའི་ཟླ5པའི་ཚེས19ཉིན། བློ་མཐུན་ལི་ཁེ་ཆང་གིས་སི་ཁྲོན་ས་འགུལ་གནོད་ཐེབས་ཁུལ་དུ་གནོད་སྐྱོན་ལ་རྟོག་ཞིབ་བྱེད་པའི་ཚུལ་རེད།

图片

2014ལོའི་ཟླ12པའི་ཚེས16ཉིན། བློ་མཐུན་ལི་ཁེ་ཆང་པའེ་ཨར་ཀི་ལའེ་ཏི་རུ་སྐབས་གསུམ་པའི་ཀྲུང་གོ་དང་དབུར་ཤར་ཡོ་རོབ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ལྷན་འཛོམས་ལ་ཞུགས་པའི་ཚུལ་རེད། འདི་ནི་གྲོས་མོལ་སྐབས་སུ། ཁོ་དང་འགྲོ་རོགས་པུའུ་ཀྲང་དག་གིས་གྲོས་མོལ་བྱེད་པའི་ཚུལ་རེད།

图片

2016ལོའི་ཟླ3པའི་ཚེས16ཉིན། བློ་མཐུན་ལི་ཁེ་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་ཕྱིའི་གསར་འགོད་པར་ཐུག་འཕྲད་གནང་ནས་གསར་འགོད་པའི་དྲི་བར་ལན་བཏབ།

图片

2016ལོའི་ཟླ9པའི་ཚེས21ཉིན། ཉིའུ་ཡའོ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་སྐབས71པའི་མཉམ་འབྲེལ་རྒྱལ་ཚོགས་གྱི་ཚོགས་ཆེན་ལ་ཞུགས་སྐབས།  བློ་མཐུན་ལི་ཁེ་ཆང་གིས་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་སྟེ། ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ང་ཚོའི་འཇིག་རྟེན་ལ་བསྒྱུར་བཅོས་བྱེད་པ་བརྗོད་དོན་དུ་བཟུང་ནས་སྤྱིར་བཏང་རང་བཞིན་གྱི་བགྲོ་གླེང་བྱས་པ་མ་ཟད་ཁ་བྱང་ལ་ལག་གདང་སྦྲེལ་ནས་ཞི་བདེ་གཏན་འཇགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཛམ་གླིང་འཛུགས་སྐྲུན་བྱེད་ཅེས་པའི་གཏམ་བཤད་གནང་།

图片

2020ལོའི་ཟླ1པོའི་ཚེས27ཉིན། བློ་མཐུན་ལི་ཁེ་ཆང་ཧུའུ་པའེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་ཕེབས་ནས་རིམས་ནད་འགོག་སྡོམ་བྱ་བར་མཛུབ་སྟོན་གནང་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་རིམས་ནད་འགོག་སྡོམ་ཡུལ་དངོས་ཀྱི་སྨན་དོན་མི་སྣར་འཚམ་འདྲི་གནང་།