རྫ་ཆུའི་ངོགས་ཀྱི་ལོ་ངོ་སྟོང་གི་ཚྭ་ཞིང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-11-01   རྩོམ་ཁུངས།    མི་དམངས་དྲ་བ། 

        བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་ནི་རྫ་ཆུའི་འགྲམ་དུ་གནས་པ་དང་། ས་གནས་དེ་གར་ཐང་རྒྱལ་རབས་ནས་བཟུང་ཚྭ་བཟོ་འགོ་ཚུགས་ཤིང་། ད་བར་ལོ་1300ལྷག་ཙམ་རྒྱུན་མཐུད་བྱས་ཡོད། ཚྭ་ཞིང་དེ་རྫ་ཆུའི་ངོགས་གཉིས་ཀྱི་རི་བོར་བརྟེན་ནས་ཆགས་པ་དང་། ཤིང་གི་ཀ་བ་མང་པོས་བཏེགས་ཤིང་། ཀ་བས་བཏེགས་པའི་ཤིང་སྒྲོམ་ཐོག་ཆུ་སིམ་ཤུགས་ཆེ་བའི་འདམ་ངོས་སྙོམས་པོར་བཏིང་ཡོད། ས་གནས་དེ་གའི་གྲོང་མིས་སྔར་བཞིན་ཚྭ་ཉི་སྐམ་གཏོང་སྟངས་ཀྱི་གདོད་མའི་ལག་རྩལ་ལ་བརྟེན་ནས་རྒྱུན་འཛིན་བྱེད་ཀྱི་ཡོད། ཁོང་ཚོས་རྫ་ཆུའི་འགྲམ་གྱི་ཚྭ་ཁྲོན་དང་ཚྭ་རྫིང་ནས་ཚྭ་ཆུ་བླངས་ཏེ་ཚྭ་ཞིང་ཐོག་གཏོར་ནས་ཉི་སྐམ་དང་རླུང་སྐམ་བཏང་སྟེ་ཚྭ་བཟོ་བཞིན་ཡོད། རྒྱང་རིང་ནས་བལྟས་ན། ཚྭ་ཞིང་གི་བཀོད་པ་ལེགས་ཤིང་ཡུལ་ལྗོངས་ཀྱང་མཛེས།