འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་སྟོན་ཁའི་རྟ་རྒྱུག་དུས་ཆེན་འགོ་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ10པའི་ཚེས་30ཉིན་གྱི་སྔ་དྲོར། 2023ལོའི་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་སྟོན་ཁའི་རྟ་རྒྱུག་དུས་ཆེན་དེ་སེམས་ཀྱི་ཉི་ཟླའི་མི་རིགས་ལུས་རྩལ་ལྟེ་གནས་ཀྱི་ཕྱོགས་བསྡོམས་ལུས་རྩལ་ཁང་དུ་འགོ་ཚུགས་ཏེ།  ཁུལ་ཕྱི་ནང་ནས་ཡོང་བའི་འཐུས་མི་རུ་ཁག་13གྱིས་ཁྱོན་རྟ་194ཁྲིད་ནས་ཡུལ་དངོས་སུ་ཡོང་འདུག

        འགོ་ཚུགས་མཛད་སྒོ་ནི་ངོ་མཚར་ཆེ་བའི་རྟ་རྩལ་འཁྲབ་སྟོན་ཁྲོད་ཡོལ་བ་ཕྱེ་བ་དང་། བདམས་ཐོན་པ་ཚོས་ལུས་ལ་མཛེས་སྡུག་ལྡན་པའི་རྟ་རྒྱུག་འགྲན་བསྡུར་གྱི་གྱོན་ཆས་གྱོན་པ་དང་། རྔམ་བརྗིད་ལྡན་ལ་ཡིད་འོང་ཉམས་དོད་པོ་ཡོད་པས་ལྟད་མོ་བར་མི་མང་པོས་རྟ་མང་པོ་མཉམ་བཞོན་པ་དང་རྟ་ཐོག་ནས་ཁ་བཏགས་འཐུ་བ། རྟ་རྒྱུག་མདའ་འཕེན་སོགས་དཀའ་ཚེགས་ཆེ་བའི་བྱ་སྤྱོད་འཁྲབ་སྟོན་བྱས་པ་དང་བདེ་ལྕག་འཁྱུག་པའི་གཟུགས་བྱད་དང་རྟ་ཐོག་གི་མྱུར་ཚད་དང་སྤྲོ་སེམས་མངོན་པར་བྱས་པས་ཡུལ་དངོས་ཀྱི་ལྟད་མོ་བའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།

        ཤེས་གསལ་བྱུང་དོན། སྟོན་ཁའི་རྟ་རྒྱུག་དུས་ཆེན་ནི་བདེ་ཆེན་ཁུལ་གྱི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོའི་བྱེད་སྒོ་རབ་དང་རིམ་པའི་ཁྲོད་ཀྱི་གཅིག་ཡིན་ལ། རྟ་རྒྱུག་འགྲན་བསྡུར་ནི་ཟླ10པའི་ཚེས་30ཉིན་ནས་ཟླ11པའི་ཚེས་1ཉིན་གྱི་བར་རྒྱུན་མཐུད་བྱ་རྒྱུ་ཡིན་པ་དང་ཁྱོན་འགྲན་བསྡུར་རྣམ་གྲངས་ཆེ་གྲས་4འཛུགས་རྒྱུ་ཡིན་པ་རེད། ཟླ10པའི་ཚེས་30ཉིན་ལ་ཀ་ཁ་ག་པ་བཅས་ཚོགས་ཆུང་གསུམ་གྱི་སྨི་1000ཅན་གྱི་མྱུར་ཚད་འགྲན་བསྡུར་དང་སྨི་1000ཅན་གྱི་གོམ་པའི་འགྲན་བསྡུར་རྣམ་གྲངས་སྤེལ་རྒྱུ་ཡིན་པ་རེད།  ཟླ10པའི་ཚེས་31ཉིན་ལ་ཚོ་ཆུང་ཁ་པ་དང་ག་པ་གཉིས་ཀྱི་སྨི་1000ཅན་གྱི་མྱུར་ཚད་འགྲན་བསྡུར་དང་ཚོ་ཆུང་ཁ་པ་དང་ག་པ་གཉིས་ཀྱི་སྨི་3000གི་གོམ་པའི་་འགྲན་བསྡུར་སྤེལ་རྒྱུ་རེད།  ཟླ11པའི་ཚེས་1ཉིན་ལ་སྨི་3000ཅན་གྱི་ཚོ་ཆུང་ཀ་པའི་གོམ་པ་དང་མྱུར་ཚད་འགྲན་བསྡུར་སྤེལ་རྒྱུ་རེད།

        འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་ལ་གདན་ཞུ་བྱས་པའི་སྐུ་མགྲོན་དང་དེ་བཞིན་རང་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།