འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གླེང་སྟེགས་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ10པའི་ཚེས29ཉིན།འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གླེང་སྟེགས་དེ་སེམས་ཀྱི་ཉི་ཟླ་མགྲོན་ཁང་ཆེན་མོ་རུ་སྤེལ་བ་རེད།ཐེངས་འདིའི་གླེང་སྟེགས་ཐོག་རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་རིགས་གཅིག་མཁས་ཅན་དང་མཁས་དབང་། ཡུལ་སྐོར་རིགས་གཅིག་མཁས་ཅན་གདན་དྲངས་ནས་བརྗོད་དོན་གཙོ་བོའི་གཏམ་བཤད་དང་ཆེད་དོན་ཞིབ་བསྡུར་བྱས་པ་དེའི་དམིགས་ཡུལ་ནི་སེམས་ཀྱི་ཉི་ཟླའི་ས་ཁོངས་དང་དེ་བཞིན་བདེ་ཆེན་ཁུལ་གྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏོང་ཆེད་ཐབས་ཤེས་འཚོལ་བ་དང་།ཇུས་འདོན་པ།ཐབས་ལམ་སྟོན་པ་བཅས་བྱེད་དགོས།

        ཐུང་ཁྲེང་ཡུལ་སྐོར་གྱི་ཙུང་ཚའེ་གཞོན་པ་པའེ་ཀྲི་ཝུའེ་གླེང་སྟེགས་སུ་ཕེབས་པ་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཤིས་ཚིག་གསུངས་པ་རེད།

        ཀྲང་ཝེ་ཏུང་གིས་ཤིས་ཚིག་ནང་ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“ཡུན་ནན་གྱི་ཡུལ་སྐོར་ཞེས་པའི་སྒོ་བྱང་ཡག་པོ་འདི་སྲུང་སྐྱོང་ཡག་པོ་བྱེད་དགོས་”ཞེས་པའི་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་“ཞིང་ཆེན་ཡོངས་མིག་མངས་འགྲིག་སྐོར་གཅིག”གི་དགོངས་པ་མཐའ་འཁྱོངས་བྱས་ཏེ་རིག་གནས་དང་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུ་དམིགས་ཚད་དུ་བྱེད་པ་དང་།“རིག་གནས་ཡུལ་སྐོར་མཉམ་འདྲེས་དང་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་”འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་།འཆར་འགོད་སྔོན་ལ་ལག་བསྟར་དང་།རྣམ་གྲངས་སྐུལ་ཁྲིད།ཚོང་ར་ཁྱབ་སྤེལ།སྒོ་འབྱེད་མཉམ་ལས་བཅས་རྒྱུན་འཁྱོངས་བྱས་ཏེ།ཡུལ་སྐོར་ཐོན་རྫས་དང་།མ་དཔེ།་ལས་རྣམ་བཅས་གསར་གཏོད་དང་ཞབས་ཞུ་ཕུལ་བྱུང་གསར་གཏོད་ཇེ་མགྱོགས་སུ་བཏང་བས།བདེ་ཆེན་ཁུལ་གྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་ཞེས་གསུངས་པ་རེད།

        ཀྲང་ཝེ་ཏུང་གིས་གོམ་སྟབས་རྗེས་མར་བདེ་ཆེན་གྱིས་རང་ངོས་ཀྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས་རང་བྱུང་སྣོད་བཅུད་ཡུལ་སྐོར་དང་རིག་གནས་སྣོད་བཅུད་ཡུལ་སྐོར་གྱི་ངེས་གནས་ཁ་གསལ་བཟོས་ཏེ《བདེ་ཆེན་ཁུལ་གྱིས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི》ལག་བསྟར་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་རིག་གནས་ཡུལ་སྐོར་+དང་+རིག་གནས་ཡུལ་སྐོར་སྣེ་ཁྲིད་དུ་བྱས་ནས་མཛེས་ལྗོངས་ཁུལ་གྱི་རིམ་སྤོར་ལས་གྲྭ་དང་།མགྲོན་ཁང་གི་ལེ་ལག་ལས་གྲྭ།རིག་གནས་ཡུལ་སྐོར་མཉམ་འདྲེས་ལས་གྲྭ་སོགས་ལས་གྲྭ་ཆེན་པོ་བཅུ་སྤེལ་བ།ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་བཅོས་སྒྲིག་དང་ཚད་ལྡན་དུ་བཏང་ནས་ཡུལ་སྐོར་ཉམས་ལེན་དང་ཚོང་གཉེར་ཁོར་ཡུག་བཟང་པོ་གཏོད་པ་དང་སྒོ་དབྱེ་རྣམ་པའི་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་སྟབས་བདེ་ཅན་དུ་འགྱུར་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས།རིག་གནས་ཡུལ་སྐོར་ཁེ་ལས་དང་ཡུལ་སྐོར་བར་སྤུས་ལེགས་ཀྱི་ཐོན་རྫས་དང་ཕན་འབྲས་ཆེ་བའི་ཞབས་ཞུ་མཁོ་འདོན་བྱས་ཏེ་བདེ་ཆེན་འདི་ཉིད་འཛམ་གླིང་གི་རྩེར་སོན་ཡུལ་སྐོར་གནས་མཆོག་དང་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཡིད་སྨོན་བྱེད་པའི་“ཤམ་བྷ་ལ”ཞིག་ཏུ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད།

        ཚོགས་འདུའི་རིང་ཀྲུང་གོ་རྒྱལ་ཁབ་ས་ཆ་དཔལ་འབྱོར་སློབ་ཚོགས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཀྲང་ཁྲའོ་ཝེ་ཡིས་《རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པ་དང་ལས་རྣམ་གསར་པ》ཞེས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་མཉམ་སྤྱོད་བྱས་པ་དང་།ཁག་དང་པོའི་རྒྱལ་ཁབ་རིག་གནས་ཡུལ་སྐོར་པུའི་ཕུལ་བྱུང་རིགས་གཅིག་མཁས་ཅན་ཡའོ་ཤིན་ཡོན་གྱིས《ཚད་གཞིའི་སྣེ་ཁྲིད་དང་བློ་གྲོས་གསར་གཏོད་བྱས་ནས་ཀྲུང་གོའི་རིག་གནས་ཡུལ་སྐོར་གྱི་འཁྲབ་རྩལ་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས--དགུན་དུས་ཀྱི"འཁྱགས་རོམ་གྱི་སྐྱོ་གླུ"ས་ངོས་སྙོམས་ཐིག་ལས་བརྒལ་བ》ཞེས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད། ཀྲུང་གོ་ཡུལ་སྐོར་ལས་དོན་ཁང་མཐུན་ཚོགས་སྒེར་འཁོར་ཡུལ་སྐོར་ལས་དོན་ཁང་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་ཞ་ཧན་གྱིས་《བདེ་ཆེན་གྱི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚོང་གཉེར་འཐབ་ཇུས་བསམ་གཞིག་》ཞེས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་མཉམ་སྤྱོད་བྱས་པ། རླངས་འཁོར་གཏོང་རྒྱུར་དགའ་བའི་སྨྱན་སྦྱོར་གསར་གཏོད་པ་ལི་ཁེ་ཆིས《གཞུང་ལམ་ཞིག་གི་བློ་སྒོ་འབྱེད་པ--རྒྱལ་དམངས་གཞུང་ལམ་G318 Xཤམ་བྷ་ལའི་སྐོར་ལམ་ཆེན་པོ་》ཞེས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད།

        གླེང་སྟེགས་ཐོག་ཐུང་ཁྲེང་ཡུལ་སྐོར་སྲིད་གཞུང་མཉམ་ལས་པུའི་CEOཚའོ་ཧྲོའེ་དང་ཡུན་ནན་ཞིང་ཆེན་ཁང་ལུའེ་མ་རྐང་ཚོད་འཛིན་ཚོགས་པའི་ཁོངས་གཏོགས་ཡུན་ནན་ཧྲན་ཧའེ་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི། ཏུང་ཧྲི་ཀྲང་ཉིང་ལི་ཐའོ། རུན་ཧྲི་རུང་ཀོང་གློག་བརྙན་ལས་རིགས་བཟོ་སྐྲུན་ཚད་ཡོད་ཀུང་སིའི་འཁྲབ་ཁྲིད་པ་དང་།འཁྲབ་སྟོན་པ།བཟོ་སྐྲུན་པ་བཅས་ཡིན་པའི་རུང་ཀོང་།རིག་གནས་དང་ཡུལ་སྐོར་པུའི་རྒྱལ་ཡོངས་ཀྱི་སྤྱི་པའི་རིག་གནས་འཕེལ་རྒྱས་ལྟེ་གནས་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུ་ཞིབ་འཇུག་ཁང་གི་རིག་གཞུང་ཨུ་ཡོན་ཀྲོའུ་ཧའེ་ཐའོ།ཡུལ་སྐོར་དུས་ཆེན《ལིན་ཧྲི་ལམ་ལ་ཆས་པའིTravel-Lin》ཐད་གཏོང་མདོ་འཛིན་པ་ཁྲང་ལིན་གྱིས་《ཡིད་སྨོན་པའི་སེམས་ཀྱི་ཉི་ཟླ》་ཞེས་པའི་བརྗོད་གཞི་འདི་ལ་གཞིགས་ནས་ཅོག་ཙེ་ཟླུམ་པོའི་ཁ་བརྡ་བྱས་ཏེ།བདེ་ཆེན་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཐབས་འདོན་ཇུས་འདོན་བྱས་པ་རེད།

        རང་ཁུལ་གྱི་འགོ་ཁྲིད་རྒྱ་མཚོ་དང་ཁྲེན་ཆུན།ཡུས་ཡུང་ཧུང་གླེང་སྟེགས་སུ་ཞུགས་པ་རེད།