ཏ་ལི་དང་ས་དམ། བདེ་ཆེན་གྱིས་མཉམ་འབྲེལ་ཐོག་ཡུན་ནན་ནུབ་བྱང་གི་ཡུལ་སྐོར་སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི་མཉམ་ལས་མཉམ་འབྲེལ་ཚོགས་འདུ་ཐེངས་དང་པོ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ10པའི་ཚེས་30ཉིན། ཏ་ལི་དང་ས་དམ། བདེ་ཆེན་གྱིས་མཉམ་འབྲེལ་ཐོག་ཡུན་ནན་ནུབ་བྱང་གི་ཡུལ་སྐོར་སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི་མཉམ་ལས་མཉམ་འབྲེལ་ཚོགས་འདུ་ཐེངས་དང་པོ་དེ་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་ཤིང་། ཚོགས་འདུའི་ཐོག ཏ་ལི་དང་ས་དམ། བདེ་ཆེན་བཅས་་ཁུལ་དང་གྲོང་ཁྱེར་གསུམ་པོས་འབྲེལ་ཡོད་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་མ་ཟད། ཡུན་ནན་ནུབ་བྱང་གི་ཡུལ་སྐོར་སྤུས་ཚད་མཐོ་བའི་རིགས་སྒྱུར་རིམ་སྤར་མཉམ་ལས་མཉམ་འབྲེལ་ཚོགས་འདུའི་འཐབ་ཇུས་མཉམ་ལས་དངོས་སུ་སྤེལ་འགོ་ཚུགས་པ་རེད།

        ཞིང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཡུས་ཀང་ཚོགས་འདུར་ཞུགས།

        ཏ་ལི་ཁུལ་ཨུའི་ཧྲུའུ་ཅི་དབྱང་ཀའོ་ཙུང་དང་། ས་དམ་གྲོང་ཨུའི་ཧྲུའུ་ཅི་ཕུའུ་ཧོང་། བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་བཅས་ཚོགས་འདུར་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་བཤད་པ་རེད།

        བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་བྱས།

        དབྱང་ཀའོ་ཙུང་གིས་བདེ་ཆེན་དང་ས་དམ།ཏ་ལི་གསུམ་པོ་ནི་ས་བབ་འདྲ་བ་དང་མི་དང་མིའི་བར་མཛའ་མཐུན་ཡོང་བའི་"ཁྱིམ་མཚེས་བཟང་པོ་"ཞིག་ཡིན་ལ་རིག་གནས་ཕན་ཚུན་འབྲེལ་བ་དང་མཛའ་བརྩེ་མཉམ་འདྲེས་ཀྱི་"གྲོགས་པོ་བཟང་པོ་"ཞིག་དེ་བས་ཀྱང་ཡིན།  ས་ཁུལ་གསུམ་པོས་མཉམ་འབྲེལ་ཐོག་ཡུན་ནན་ནུབ་བྱང་གི་ཡུལ་སྐོར་སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་རིམ་སྤོར་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི་དུས་ལ་སླེབས་ཟིན་པ་དང་། དེའི་སྟོབས་ཤུགས་གྲུབ་ཟིན་པས་མ་འོངས་པའི་དུས་ལ་རེ་བས་ཁེངས་ཡོད། ཕྱོགས་གསུམ་པོས་འགྲིམ་འགྲུལ་ཕན་ཚུན་སྦྲེལ་མཐུད་འཛུགས་སྐྲུན་ཁྱོན་ཡོངས་ནས་མགྱོགས་སུ་བཏང་སྟེ་འགྲིམ་འགྲུལ་ལམ་ཐིག་དང་ལེ་ལག་ཚང་བའི་སྒྲིག་བཀོད་ཁག་གཅིག་ཐུན་མོང་ཐོག་འཐུས་སྒོ་ཚང་དུ་བཏང་ནས་མགྱོགས་མྱུར་ནང་འདྲེན་དང་མགྱོགས་མྱུར་ཕྱིར་གཏོང་དང་ཕན་ཚུན་སྦྲེལ་མཐུད་ཀྱི་འགྲིམ་འགྲུལ་དྲ་བ་ཞིག་མགྱོགས་མྱུར་ཆགས་པ་དང་། ཡུལ་སྐོར་ཁྲོམ་རའི་སྤུས་རྟགས་ཚོང་གཉེར་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་སྤུས་རྟགས་གཞི་གཅིག་ཏུ་ཚོང་གཉེར་བྱེད་པའི་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ་ས་ཁུལ་གསུམ་པོའི་ཕྱི་ཕྱོགས་ཀྱི་སྤྱི་ཡོངས་ཀྱི་ཡིད་དབང་འཕྲོག་ཤུགས་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། མཉམ་འབྲེལ་ཁྲིམས་འཛིན་ལ་ཤུགས་སྣོན་བརྒྱབ་ནས་སྒྲིག་ལམ་བཟང་པོ་སྲུང་སྐྱོང་བྱས་ཏེ་ས་ཁོངས་ལས་བརྒལ་བ་དང་འབྲེལ་ཐག་ཧྲིལ་པོའི་ཡུལ་སྐོར་ཁྲིམས་འཛིན་ལ་སྐུལ་འདེད་གཏོང་བ། ཤེས་ལྡན་མི་སྣ་སྤེལ་རེས་དང་འཚར་ལོངས་ཡོང་བའི་ལས་སྟེགས་ཧུར་ཐག་བསྐྲུན་ནས་ཕྱོགས་གསུམ་པོའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་"མཉེན་པའི་སྟོབས་ཤུགས་"རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཕྱོགས་གསུམ་པོས་བློ་སེམས་གཅིག་མཐུན་གྱིས་ལག་གདང་སྦྲེལ་བ་དང་ཕན་ཚུན་སྐྱོད་པ། ཐུན་མོང་ཐོག་"ཡུན་ནན་གྱི་འཚོ་བ་ཟེར་བ་ཞིག་ཡོད་"ཅེས་པའི་དུམ་བུ་དང་པོའི་དུས་རབས་ཀྱི་ལས་འགན་ལྗིད་པོ་ཕྲག་ཏུ་ཁུར་ནས་མཉམ་དུ་མ་འོངས་པ་གསར་སྐྲུན་བྱེད་པའི་རེ་བ་ཡོད་ཞེས་བསྟན།

        ཕུའུ་ཧོང་གིས་ས་ཁུལ་གསུམ་གྱི་རི་ཆུ་ཕན་ཚུན་རྟེན་རེས་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས། དམིགས་འབེན་ཕན་ཚུན་ཁ་ཕྱོགས། ལས་དབང་ཕན་ཚུན་འབྲེལ་བ་བཅས་ཡིན་པས་སྟོབས་ཤུགས་གཅིག་སྒྲིལ་གྱིས་འཛམ་གླིང་རིམ་པའི་ཡུལ་སྐོར་ཁུལ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམིགས་ཏེ། ས་ཁུལ་གསུམ་པོས་མཉམ་དུ་འབད་བརྩོན་བྱས་ཏེ། ལག་གདང་སྦྲེལ་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་མཉམ་སྐྲུན་དང་། ས་ཁུལ་གསུམ་ཕན་ཚུན་གསབ་རེས་བྱེད་པའི་ཐོན་ཁུངས་དང་རིག་གནས། ཐོན་རྫས་བཅས་བེད་སྤྱོད་ཡག་པོ་བྱས་ཏེ་སྔར་ལས་ཁྱད་ཆོས་ལྡན་པ་དང་བསྡུ་ལེན་བྱེད་ནུས་ལྡན་པའི་འཛམ་གླིང་རིམ་པའི་ཡུལ་སྐོར་ཁུལ་ཆགས་སུ་འཇུག་དགོས་པ་དང་། ལག་གདང་སྦྲེལ་ནས་འཕྲེད་ཚད་མང་པོའི་མཉམ་ལས་ལམ་སྲོལ་མཉམ་གཏོད་བྱས་ཏེ་གཙོ་གནད་ལམ་ཐིག་ཐོན་རྫས་དང་། རིག་གནས་ཡུལ་སྐོར་རྣམ་གྲངས་གལ་ཆེན། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་བཅས་མཉམ་དུ་ཇུས་འགོད་དང་མཉམ་དུ་སྐུལ་འདེད། མཉམ་དུ་གྲོས་མོལ་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། ལག་གདང་སྦྲེལ་ནས་ཐུན་མོང་ཐོག་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་མཉམ་འབྲེལ་ཐོག་ས་ཁུལ་གསུམ་པོའི་རིག་གནས་ཡུལ་སྐོར་གྱི་བརྗོད་བྱ་གཙོ་བོ་ཁྱབ་གདལ་གཏོང་རྒྱུའི་ཇུས་འགོད་བྱས་ཏེ་རིག་གནས་ལུས་རྩལ་འགྲན་བསྡུར་ཆེ་གྲས་མཉམ་འབྲེལ་ཐོག་གཉེར་བ་དང་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་མཉམ་འབྲེལ་ཐོག་སྤེལ་ནས་ཡུན་ནན་ནུབ་བྱང་གི་ཡུལ་སྐོར་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཐུན་མོང་ཐོག་ཆེ་རུ་གཏོང་དགོས། ལག་གདང་སྦྲེལ་ནས་མཉམ་དུ་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་བཏོད་དེ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་ཁྲོམ་རའི་ཐོག་ཤུགས་རྐྱེན་ཆེ་ཙམ་ལྡན་པའི་ཡུལ་སྐོར་ཐོན་རྫས་དང་ལམ་ཐིག་ཁག་གཅིག་ཐུན་མོང་ཐོག་གཏོད་དགོས། ལག་གདང་སྦྲེལ་ནས་ཁྲོམ་རའི་ཁོར་ཡུག་བཟང་པོ་མཉམ་གཉེར་བྱས་ཏེ་ཡུལ་སྐོར་བས་ཡུན་ནན་ནུབ་བྱང་གི་ཡུལ་སྐོར་ལ་ཁས་ལེན་བྱེད་ཚད་དང་སྙན་གྲགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་བསྟན།

        ལུའོ་ཁྲའོ་ཧྥེང་གིས་ཡུན་ནན་ནུབ་རྒྱུད་ཀྱི་ཡུལ་སྐོར་སྐོར་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ས་ཁུལ་གསུམ་ལ་འཛམ་གླིང་རིམ་པའི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་མང་པོ་ཡོད་པས་"ཡུན་ནན་གྱི་ཡུལ་སྐོར་ཞེས་པའི་གསེར་ཡིག་གི་སྒོ་བྱང་དེ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་"བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་དང་རིག་གནས་ཡུལ་སྐོར་མཉམ་སྡེབ་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་དགོས།ས་ཁོངས་རིག་གནས་ཡུལ་སྐོར་གྱི་སྟོབས་ཆེའི་སྤུས་རྟགས་ཐུན་མོང་ཐོག་བཏོད་དེ་མཉམ་ལས་སྦྲེལ་མཐུད་རྒྱ་ཁྱབ་ལ་ཤུགས་སྣོན་རྒྱག་པ་དང་ཕྱི་ཕྱོགས་དྲིལ་བསྒྲགས་ལ་ཐུན་མོང་ཐོག་ཤུགས་སྣོན་བརྒྱབ་ནས་ས་ཁུལ་གསུམ་པོའི་གྲོང་ཁྱེར་དབར་ཕན་ཚུན་ཡུལ་སྐོར་བྱ་ཡུལ་དང་འགྲུལ་པའི་འབྱུང་གནས་སུ་འགྱུར་རྒྱུར་ཐབས་ལམ་མང་པོའི་ཐོག་ནས་སྐུལ་འདེད་གཏོང་དགོས། ཡུལ་སྐོར་མཁོ་སྤྲོད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་"1+1+1་"གི་འདུ་ཤེས་གཞིར་བཟུང་ནས་ས་ཁོངས་ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་གསར་གཏོད་དང་སྤུས་ལེགས་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་ལ་སྤྱི་ཡོངས་ནས་ཇུས་འགོད་དང་སྐུལ་འདེད་མགྱོགས་སུ་བཏང་སྟེ་ཕན་ཚུན་གསབ་རེས་རང་བཞིན་དང་ཧེ་བག་རང་བཞིན་ལ་སྣང་ཆེན་གྱིས་"ངོ་བོ་གཅིག་མཚུངས་ཅན་"གྱི་འགྲན་རྩོད་ཉུང་དུ་གཏོང་དགོས། གཉེར་སྐྱོང་བྱེད་པོ་གཙོ་བོ་ཐུན་མོང་ཐོག་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། བསྡུ་ལེན་ཆེན་པོ་དང་སྟོབས་ཆེར་གཏོང་བ། ཕུལ་བྱུང་གསོ་སྐྱོང་དང་སྟོབས་ཆེར་གཏོང་བའི་ལམ་སྲོལ་ལ་ཐུན་མོང་ཐོག་ཞིབ་འཇུག་བྱས་ཏེ་ཐོན་ཁུངས་རྩེ་གྲ་དེ་ཐོན་རྫས་རྩེ་གྲ་ཞིག་ཏུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཐུན་མོང་ཐོག་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཟང་པོ་སྲུང་སྐྱོང་བྱས་ཏེ་ཡུན་ནན་ནུབ་བྱང་གི་ཡུལ་སྐོར་འཕེལ་རྒྱས་ཀྱི་སྣོད་བཅུད་བཟང་པོ་གཏོད་དགོས་ཞེས་བསྟན་པ་རེད།

        ཚོགས་དུའི་ཐོག  ཡུན་ནན་ཞིང་ཆེན་ཡུལ་སྐོར་འཆར་འགོད་ཞིབ་འཇུག་གླིང་གི་ཡོན་ཀྲང་མེང་རུའེ་ཡིས་མཉམ་དུ་མ་འོངས་ལ་ཕྱོགས་པ་ཞེས་པ་བརྗོད་གཞིར་བྱས་ནས་ཡུན་ནན་ནུབ་བྱང་གི་ཡུལ་སྐོར་སྐོར་ལམ་འཛུགས་སྐྲུན་ལ་དབྱེ་ཞིབ་བྱས་པ་རེད།

        ཚོགས་འདུའི་ཐོག་ཡུན་ནན་ནུབ་བྱང་གི་ཡུལ་སྐོར་སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་རིམ་སྤོར་གྱི་འཐབ་ཇུས་མཉམ་ལས་གྲོས་འདོན་ཡི་གེ་སྒྲོག་སྦྱངས་བྱས་པ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ།ཏ་ལི་དང་ས་དམ། བདེ་ཆེན་བཅས་ཁུལ་དང་གྲོང་ཁྱེར་གསུམ་པོས་ད་དུང་འབྲེལ་ཡོད་མཉམ་ལས་གྲོས་ཆིངས་བཞག་པ་དང་།  རོགས་ལས་མཉམ་འབྲེལ་ཚོགས་འདུ་འཚོག་ཡུལ་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས་པ་དང་ལོ་རྗེས་མར་ཡུན་ནན་ནུབ་བྱང་གི་ཡུལ་སྐོར་སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་རིམ་སྤོར་མཉམ་ལས་མཉམ་འབྲེལ་ཚོགས་འདུ་ས་དམ་གྲོང་ཁྱེར་གྱིས་སྒྲུབ་འགན་འཁུར་རྒྱུ་རེད།

        བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཡན་ལན་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཡུས་ཧྲེང་ཞང་།  ཁུལ་སྲིད་གྲོས་ཀྲུའུ་ཞི་མིའོ་ཡིའུ་ཧྥ་སོགས་འགོ་ཁྲིད་ཚོགས་འདུར་ཞུགས།

        ཏ་ལི་ཁུལ་དང་ས་དམ་གྲོང་ཁྱེར་གྱི་ཏང་ཨུ་དང་སྲིད་གཞུང་། རིག་གནས་དང་ཡུལ་སྐོར་ལས་ཁུངས། ཡུལ་སྐོར་མཐུན་ཚོགས།  རིག་གནས་དང་ཡུལ་སྐོར་ཁེ་ལས་ཀྱི་འགན་འཁུར་མི་སྣ་དང་ཡུལ་སྐོར་ལས་རིགས་ཀྱི་འཐུས་མི། ཐུང་ཁྲེང་ཡུལ་སྐོར་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སི། ཡུན་ནན་ཞིང་ཆེན་ཁང་ལུའི་མ་རྐང་ཚོད་འཛིན་ཚོགས་པའི་ཚད་ཡོད་ཀུང་སི་སོགས་ཡུལ་སྐོར་ཁེ་ལས་ཀྱི་འགན་འཁུར་མི་སྣ་ཚོགས་འདུར་ཞུགས།