འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་འགོ་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ10པའི་ཚེས་29ཉིན་གྱི་སྔ་དྲོར། འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་འགོ་ཚུགས།

        ཡུན་ནན་ཞིང་ཆེན་མ་འཇོག་སྐུལ་འདེད་ཅུས་ཀྱི་ཅུས་ཀྲང་ཝང་ཞུན།  ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་ཧོ་མོའུ་པའོ།  མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས།  སི་ཁྲོན་མི་རིགས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ཚུའེ་ཡུས་ཧྥེང་།  ཡུན་ནན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་གཞོན་པ་ཁྲེན་ཧྲུའུ་ཡུན།  ཁུན་མིང་གྲོང་ཁྱེར་སྲིད་གཞུང་གི་སྐོར་ཞིབ་པ་པི་ཁུན་རྨིན།  ཀྲུང་གོའི་ཟངས་ལས་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཏུང་ཧྲི།  སྤྱི་ཁྱབ་ཅིང་ལི་ཀའོ་ཀུའེ་ཁྲའོ།  ཡུན་ནན་ཞིང་ཆེན་ཁང་ལུའི་མ་རྐང་ཚོད་འཛིན་ཚོགས་པའི་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཏུང་ཧྲི་ཀྲང་གཞོན་པ། སྤྱི་ཁྱབ་ཅིང་ལི་ལི་ཅ་ལུང་། ཐུང་ཁྲེང་ཡུལ་སྐོར་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིའི་ཙུང་ཚའེ་གཞོན་པ་པའེ་ཀྲི་ཝེ་སོགས་གདན་ཞུས་ལྟར་འགོ་ཚུགས་མཛད་སྒོར་ཕེབས་ཡོད་པ་རེད།

        ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་དཔོན་ཀྲང་ཝེ་ཏུང་གིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་ཕུལ་བ།  ལི་ཡན་ལན་དང་། ཡུས་ཧྲེང་ཞང་། མིའོ་ཡིའུ་ཧྥ་སོགས་ཁུལ་གྱི་འགོ་ཁྲིད་འགོ་ཚུགས་མཛད་སྒོར་ཞུགས།

        ཀྲང་ཝེ་ཏུང་གིས་དང་ཐོག་ཀྲུང་གུང་བདེ་ཆེན་ཁུལ་ཨུ་དང་། ཁུལ་མི་དམངས་འཐུས་ཚོགས། ཁུལ་མི་དམངས་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་དང་དེ་བཞིན་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚབ་ཞུས་ནས་བྱེད་སྒོར་ཕེབས་པའི་འགོ་ཁྲིད་རྣམ་པ་དང་སྐུ་མགྲོན་རྣམ་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང།བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ལས་རིགས་ཁག་གི་མི་སྣ་དང་ཕྱོགས་ཁག་གི་གྲོགས་པོ་ཚོར་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུས་པ་རེད།

        ཀྲང་ཝེ་ཏུང་གིས་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་གཉེར་བའི་དམིགས་ཡུལ་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བདེ་ཆེན་དུ་གྲུབ་འབྲས་ཐོབ་པའི་ལག་ལེན་དང་གྲུབ་འབྲས་ཆེན་པོ་གང་ལེགས་མངོན་པར་བྱས་ཏེ་ས་ཁོངས་མཉམ་ལས་དང་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ་དེ་ཡིན་ལ།མི་རིགས་ཁག་གི་སྤེལ་རེས་དང་འགྲོ་འོང་མཉམ་འདྲེས་སྔར་བས་གཏིང་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ནང་སེམས་སུ་ཟུག་པ་དང་ཕྱི་བྱ་སྤྱོད་ཐོག་འཁྱོལ་བ་བྱེད་ངེས་ཡིན་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་སྔར་བས་སྐུལ་སློང་བྱས་ཏེ། "ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་"འགྲིལ་ཤུགས་ཆེན་པོ་གོང་བུར་འགྲིལ་ངེས་ཡིན། སྤུན་ཟླའི་གྲོང་ཁྱེར་དང་སྤེལ་རེས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཡུན་ནན་ནུབ་བྱང་གི་ཡུལ་སྐོར་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་བཏང་ནས་ཤམ་བྷ་ལ་ཆེ་མོའི་ཡུལ་སྐོར་དཔལ་འབྱོར་ཁུལ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་ངེས་ཡིན། མིག་སྔར་གོ་སྐབས་དང་འགྲན་སློང་མཉམ་དུ་གནས་པ་དང་བདེ་ཆེན་དུ་སྒུལ་འཁོར་ཤར་གཏོང་ཐུབ་ཉེར་ཡོད་པ་དང་ཆབས་ཅིག རིག་གནས་ཡུལ་སྐོར་ཐོན་ལས་ལ་འཕེལ་རྒྱས་ཀྱི་འོད་སྣང་ལྡན་པའི་དུས་སྐབས་ཤིག་འཆར་ངེས་རེད། བདེ་ཆེན་གྱིས་དེ་གོ་སྐབས་སུ་བརྩིས་ནས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་ཡར་བརྩོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ་ནུས་ཤུགས་རྒྱུན་མཐུད་འདོན་པ་དང་ཡུན་རིང་འབད་བརྩོན་བྱས་ནས་རིག་གནས་ཡུལ་སྐོར་གྱི་དཔལ་འབྱོར་ཕན་འབྲས་དང་། དམངས་འཚོའི་ཕན་འབྲས།  སྐྱེ་ཁམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་སྐུལ་སློང་གང་ལེགས་བྱེད་དེ།  ཁུལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འཛམ་གླིང་གི་"སེམས་ཀྱི་ཉི་ཟླའི་"གསེར་ཡིག་གི་སྤུས་རྟགས་ཕྱོགས་ཡོངས་ནས་ཕྱིས་ཏེ་དུས་རབས་ཀྱི་ཁྱད་ཆོས་ལྡན་པ་དང་བདེ་ཆེན་གྱི་ཁྱད་ཆོས་མངོན་པའི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་གཏོད་རྒྱུ་ཡིན་པ་དང་།  རིག་གནས་དང་ཡུལ་སྐོར་སྟོབས་ཆེའི་ཁུལ་ནུས་ཤུགས་ཡོད་རྒུས་བསྐྲུན་ནས་བདེ་ཆེན་རིག་གནས་དང་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་བརྩམས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བདེ་ཆེན་དུ་རྩ་བ་ཚུགས་པ་དང་མེ་ཏོག་བཞད་ནས་འབྲས་བུ་སྨིན་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་ཡིན། སྤྱི་ཚོགས་ལས་རིགས་ཁག་གིས་མུ་མཐུད་དུ་བདེ་ཆེན་ལ་དོ་ཁུར་དང་། བདེ་ཆེན་ལ་ཐུགས་ཁུར། བདེ་ཆེན་ལ་རྒྱབ་སྐྱོར་བཅས་བྱེད་དེ་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་འཛམ་གླིང་གི་"སེམས་ཀྱི་ཉི་ཟླ་"ལ་ཞུགས་མཁན་དང་། ལག་ལེན་བསྟར་མཁན། གསར་གཏོད་བྱེད་མཁན། འབད་འཐབ་བྱེད་མཁན་བཅས་སུ་འགྱུར་བ་བྱས་ནས་འཛམ་གླིང་གི་"སེམས་ཀྱི་ཉི་ཟླ་"མཉམ་སྐྲུན་མཉམ་སྤྱོད་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཞེས་བསྟན།

        འགོ་ཚུགས་མཛད་སྒོའི་ཐོག་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་ཐུང་ཁྲེང་ཡུལ་སྐོར་ལས་དོན་ཁང་དང་མཉམ་འབྲེལ་བྱས་ནས་སྒོར་ཁྲི་1000རིན་པའི་“དགུན་དུས་སེམས་ཀྱི་ཉི་ཟླར་ཡུལ་སྐོར་བྱེད་པའི་”འཛད་སྤྱོད་འཛིན་ཤོག་སྤྲོད་འགོ་ཚུགས་པ་དང་ཐུན་མོང་ཐོག་སྒོར་ཁྲི་1000རིན་པའི་“དགུན་དུས་སེམས་ཀྱི་ཉི་ཟླར་ཡུལ་སྐོར་བྱེད་པའི་”འཛད་སྤྱོད་འཛིན་ཤོག་སྤྲོད་ལམ་བཏོད་པ་རེད། ཁུལ་རིག་གནས་ཡུལ་སྐོར་ཅུས་དང་ཐུང་ཁྲེང་ཡུལ་སྐོར་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིས་དྲ་བ་ཡོངས་ལ་དགའ་མོས་བྱེད་མཁན་ཁྲི་བརྒྱ་ལས་བརྒལ་བའི་ཁྱབ་ཁོངས་མི་འདྲ་བའི་འགྲུལ་པ་20ལ་“བདེ་ཆེན་རྩེད་མཁན་ཆེ་མོའི་”མཚན་སྙན་སྤྲད་པ་དང་འབྲེལ་ལག་ཁྱེར་ཡང་སྤྲད་པ་རེད།

        ཚོགས་ཞུགས་སྐུ་མགྲོན་གྱི་འཐུས་མིས་མཉམ་དུ་འགོ་ཚུགས་མཛད་སྒོ་འཚོགས་པ་རེད།

        འགོ་ཚུགས་མཛད་སྒོའི་ཐོག་ད་དུང་སེམས་ཀྱི་ཉི་ཟླ་“ཕུགས་འདུན་གྱི་ཡུལ་སྐོར་”ཞེས་པའི་རིག་རྩལ་འཁྲབ་སྟོན་ཡང་བྱས་པ་རེད། 《 འཛམ་གླིང་གི་སེམས་ཀྱི་ཉི་ཟླ》  དང《  སེམས་ཀྱི་ཉི་ཟླ་དྲན་པ》 《 སེམས་ཀྱི་ཉི་ཟླ་དགའ་བ》 《 སེམས་ཀྱི་ཉི་ཟླའི་འཇིག་རྟེན》 བཅས་ཁག་བཞི་བརྒྱུད་ལྟད་མོ་བར་ངོ་མཚར་ཆེ་བའི་རིག་རྩལ་སྟོན་མོ་ཆེན་པོ་ཞིག་ཕུལ་བ་རེད།

        བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་དང་། ཅ་ཏིང་ཆུས། པའོ་ཧྲན་ཆུས་དང་འབྲེལ་ཡོད་ཁེ་ལས་བཅས་དང་། ཀྲུང་གུང་ཡུན་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འཐབ་ཕྱོགས་གཅིག་གྱུར་པུའུ། ཡུན་ནན་ཞིང་ཆེན་ནོར་སྲིད་ཐིང་། ཁུན་མིང་གྲོང་ཁྱེར། ཆུས་ཅིན་གྲོང་ཁྱེར། ཡུས་ཞི་གྲོང་ཁྱེར། རྒྱལ་ཁབ་དང་ཞིང་ཆེན་གྱི་འབྲེལ་ཡོད་ཁེ་ལས་ཀྱི་འགོ་ཁྲིད་དང་། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་དང་། ཉིང་ཁྲི་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དང་རྔ་བ་ཁུལ། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ། མཚོ་ལྷོ་ཁུལ། མགོ་ལོག་ཁུལ། ཡུལ་ཤུལ་ཁུལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ། ཡུན་ནན་ཞིང་ཆེན་ཏ་ལི་ཁུལ། ས་དམ་གྲོང་ཁྱེར། ནུའུ་ཅང་ཁུལ་སོགས་ས་ཁུལ་གྱི་འགོ་ཁྲིད་དང་དེ་བཞིན་བོད་ལྗོངས་དང་། སི་ཁྲོན། ཀན་སུའུ། མཚོ་སྔོན། ཡུན་ནན་བཅས་ཞིང་ཆེན་ལྔའི་སློབ་གསོའི་ལས་རིགས་ཀྱི་སྐུ་མགྲོན། རྒྱལ་ཡོངས་ཀྱི་འབྲེལ་ཡོད་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་ཁེ་ལས་དང་མི་སྣ། གསར་འགྱུར་སྨྱན་སྦྱོར་བཅས་གདན་ཞུས་ལྟར་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

        ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་རྒྱ་མཚོ་ཡིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།