"དགུན་དུས་སེམས་ཀྱི་ཉི་ཟླར་ཡུལ་སྐོར་བྱེད་"ཅེས་པར་བདེ་ཆེན་གྱིས་གཟིགས་སྐྱོང་སྲིད་ཇུས་ཆེན་པོ་ཞིག་བཏོན་ནས་ཁྱེད་རང་ཡོང་རྒྱུར་སྒུག་ནས་བསྡད་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ10པའི་ཚེས་29ཉིན། སྐབས་དང་པོའི་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་ཐོག་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གིས་ཐུང་ཁྲེང་ཡུལ་སྐོར་དྲ་ཐོག་ལས་སྟེགས་དང་མཉམ་འབྲེལ་ཐོག“དགུན་དུས་སེམས་ཀྱི་ཉི་ཟླར་ཡུལ་སྐོར་བྱེད་པའི”ལས་སྟེགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁྱབ་བསྒྲགས་བྱས་པ་རེད། བྱེད་སྒོས་རྒྱལ་ཡོངས་ཀྱི་ཡུལ་སྐོར་བར་དམངས་ཕན་འཛད་སྤྱོད་འཛིན་ཤོག་ཁྱོན་སྒོར་ཁྲི་1000སྤྲད་པ་དང་།ཐོན་རྫས་ཀྱི་རིགས་ནི་བདེ་ཆེན་ཁུལ་གྱི་སྐར་མ་རིམ་པའི་མགྲོན་ཁང་དང་།རིམ་ལྡན་དམངས་སྲོལ་མགྲོན་ཁང་།རྒྱལ་སྤྱིའི་སྤུས་རྟགས་མགྲོན་ཁང་།ཡུལ་སྐོར་མཛེས་ལྗོངས་ཁུལ། འགྲིམ་འགྲུལ་སོགས་སུ་ཁྱབ་ཡོད་པ་རེད། འཛད་སྤྱོད་འཛིན་ཤོག་སྤྲོད་པའི་དུས་ཚོད་ནི་2023ལོའི་ཟླ10པའི་ཚེས28ཉིན་ནས་2024ལོའི་ཟླ་3པའི་ཚེས་31ཉིན་བར་ཡིན།

        ཤེས་རྟོགས་བྱུང་བར་གཞིགས་ན་དགུན་དུས་ཀྱི་ཡུལ་སྐོར་བྱེད་སྒོ་སྤེལ་རིང་སྤྱོད་མཁན་གྱིས་ཐུང་ཁྲེང་ཡུལ་སྐོར་ལས་སྟེགས་བརྒྱུད་ནས་“དགུན་དུས་སེམས་ཀྱི་ཉི་ཟླར་ཡུལ་སྐོར་བྱེད་པའི”ཆེད་དོན་ལེན་པ་དང་འབྲེལ་ཉོ་སྒྲུབ་བྱེད་ཆོག  ལས་སྟེགས་ཀྱི་ཁ་གསབ་རྨང་གཞིའི་ཐོག་གཟིགས་སྐྱོང་སྲིད་ཇུས་མང་པོ་ལོངས་སུ་སྤྱོད་རྒྱུ་ཡོད་པ་རེད།

        གཅིག ཞག་སྡོད་བྱེད་པར་སྒོར་150ལོན་ན་སྒོར་30ཉུང་དུ་གཏོང་རྒྱུ་དང་།སྒོར་200ལོན་ན་སྒོར་50ཉུང་དུ་གཏོང་རྒྱུ།སྒོར་300ལོན་ན་སྒོར་75ཉུང་དུ་གཏོང་རྒྱུ།སྒོར་500ལོན་ན་སྒོར་150ཉུང་དུ་གཏོང་རྒྱུ་བཅས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད།

        གཉིས། བདེ་ཆེན་ཁུལ་ནང་ཁུལ་གྱི་སྐར་མ་རིམ་པའི་མགྲོན་ཁང་དང་རིམ་ལྡན་དམངས་སྲོལ་མགྲོན་ཁང་། རྒྱལ་སྤྱིའི་སྤུས་རྟགས་མགྲོན་ཁང་ཚང་མར་བསྟུད་མར་ཞག་2བསྡད་ན་ཕབ་ཆ་6གཅོག་པའི་གཟིགས་སྐྱོང་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་བསྟུད་མར་ཞག་3བསྡད་ན་ཕབ་ཆ་5གཅོག་པའི་གཟིགས་སྐྱོང་ལོངས་སུ་སྤྱོད་རྒྱུ་ཡོད།

        གསུམ། འགྲིམ་འགྲུལ་+དམིགས་བསལ་གཟིགས་སྐྱོང་གིས་བདེ་ཆེན་ཁུལ་དམིགས་ཡུལ་དུ་བྱས་པའི་འགྲིམ་འགྲུལ་(གནམ་གྲུའི་སྤ་སེ་དང་མེ་འཁོར་སྤ་སེ)ཉོས་ཚེ་ཁ་ཕྱོགས་གཏན་འཁེལ་གྱིས་ཞག་སྡོད་མགྲོན་ཁང་དང་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་དམིགས་འཛུགས་ཁུག་དམར་གྱི་གཟིགས་སྐྱོང་སྲིད་ཇུས་རག་གི་ཡོད།

        བཞི། འབྲི་ཆུའི་ཟུར་གསུམ་གླིང་དང་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་གི་ཁ་ཕྱོགས་གཏན་ཁེལ་ས་ཁོངས་སུ་ཡུལ་སྐོར་འགྲིམ་འགྲུལ་གཟིགས་སྐྱོང་རོགས་དངུལ་སྤྲོད་པ(དེའི་ནང་གནམ་གྲུའི་སྤ་སེ་དང་།མེ་འཁོར་སྤ་སེ།སྤྱི་སྤྱོད་རླངས་འཁོར་སོགས་གཟིགས་སྐྱོང་བྱང་བུའི་རིགས་ཚུད་ཡོད་)སྤྲོད་རྒྱུ་དང་།ཐེངས་རེར་སྒོར་50 ཁྱོན་བསྡོམས་ཁྲི་10སྤྲོད་རྒྱུ།

        ཐེངས་འདིའི་འཛད་སྤྱོད་འཛིན་ཤོག་སྤྲོད་པའི་ཐབས་ལམ་ནང་ཐུང་ཁྲེང་ཡུལ་སྐོར་APPདང་ཐུང་ཁྲེང་ཡུལ་སྐོར་གྱི་སྐད་འཕྲིན་གོ་རིམ་ཆུང་ངུ་ཚུད་ཡོད་པས་རྒྱལ་ཡོངས་ཀྱི་ཡུལ་སྐོར་བས་ལས་སྟེགས་བརྒྱུད་“བདེ་ཆེན”དང་“བདེ་ཆེན་རིག་གནས་ཡུལ་སྐོར”“དགུན་དུས་སེམས་ཀྱི་ཉི་ཟླར་ཡུལ་སྐོར་བྱེད་པ”སོགས་ཀྱི་འགག་རྩའི་ཚིག་གམ་ཡང་ན་ལས་སྟེགས་ཀྱི་བརྡ་ཁྱབ་སོགས་འཚོལ་ཞིབ་བྱས་ཏེ་ཐད་ཀར་བྱེད་སྒོའི་ཤོག་ལྷེ་རུ་སླེབས་ཆོག རྒྱལ་ཡོངས་ཀྱི་ཡུལ་སྐོར་བས་ལས་སྟེགས་ཐོག་ཐོ་འགོད་ལེགས་གྲུབ་བྱུང་ཚེ་འཛད་སྤྱོད་འཛིན་ཤོག་ལེན་ཆོག་པ་དང་དམིགས་འཛུགས་བྱས་པའི་ཐོན་རྫས་སྔོན་མངགས་བྱེད་སྐབས་བེད་སྤྱོད་བྱེད་ཆོག

        ཐུང་ཁྲེང་ཡུལ་སྐོར་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིའི་ཙུང་ཚའེ་གཞོན་པ་པའེ་ཀྲི་ཝུའེ་ཡིས་ཐོག་མཐའ་བར་གསུམ་དུ་ང་ཚོས་དྲ་ཐོག་ཡུལ་སྐོར་གྱི་གཅིག་འཐུས་རྣམ་པའི་ཞབས་ཞུའི་སྟེགས་བུ་གཏོད་རྒྱུར་གཞོལ་ནས་སྐད་འཕྲིན་གཏོང་སྤྲོད་སྣེ་ཡི་ཡུལ་སྐོར་རྒྱུག་ཚད་འཇུག་སྒོ་འབའ་ཞིག་ཡོད་པ་དང་ཆ་སྙོམས་ཟླ་རེར་སྤྱོད་མཁན་དུང་ཕྱུར་2.8ཟིན་པ་དང་ལོ་རེར་ཞབས་ཞུ་སྤྱོད་མཁན་དུང་ཕྱུར་2ཟིན་གྱི་ཡོད།ཐེངས་འདིའི་འཛད་སྤྱོད་འཛིན་ཤོག་སྤྲོད་པའི་བརྒྱུད་རིམ་ནང་ཐུང་ཁྲེང་གིས་ནུས་ཤུགས་ཡོད་རྒུས་ལས་སྟེགས་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ཏེ་འཛད་སྤྱོད་སླར་གསོའི་ཡིད་ཆེས་ཁྱོན་ཡོངས་ནས་ཆེ་རུ་བཏང་ནས་བདེ་ཆེན་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་ཆེད་ལེགས་སྐྱེས་དེ་བས་མང་བ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།