བོད་ཀྱི་དཀར་མོ་ནས་ལ་རྒྱལ་སྤྱིའི་ཐོག་དགའ་བསུ་ཐོབ་བཞིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-30   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

        འཇར་མན་གྱི་ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་10པའི་ཚེས་24ཉིན་གྱི་ཕྱི་དྲོར་“ཀྲུང་གོའི་མེན་པའོ་རྒྱལ་ཁབ་རུ་ཁག”ཧྥ་རན་སེ་དང་། ལྗར་པན། འཇར་མན་སོགས་མེན་པའོ་གཡོས་སྦྱོར་རྒྱལ་ཁབ་སྟོབས་ཆེན་ལས་རྣམ་པར་རྒྱལ་ནས་འཇར་མན་གྱི་IBMཡི་མེན་པའོ་ལེགས་སྐྱེས་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་རེད། ད་ཐེངས་ཀྲུང་གོའི་རུ་ཁག་གི་ཕུལ་བྱུང་བརྩམས་ཆོས་ནང་དམིགས་བསལ་གྱི་རྒྱུ་ཆ་ཞིག་སྤྱད་ཡོད་པ་སྟེ། དེ་ནི་མཚོ་བོད་ས་མཐོའི་འབྲུ་རིགས་ནས་རེད། ང་ཚོའི་དྲན་འཆར་ཁྲོད་ཀྱི“རང་ཁ་གསོ་བྱེད་ཙམ་གྱི་བཟའ་འབྲུ”ནས་ད་ཆ་རྒྱལ་སྤྱི་ཅན་གྱི་ཟས་རྒྱུ་ཞིག་ཏུ་གྱུར་བའི་བར། དཀར་མོ་ནས་ཀྱིས་ལམ་བུ་གང་འདྲ་ཞིག་བརྒྱུད་ཡོད་དམ། དེ་རིང་ང་ཚོས་མཉམ་དུ་ཕྱིར་དྲན་ཅིག་བྱ། 

图片

        ལོ་རྒྱུས་རིང་ཡང་མིང་གྲགས་དེ་ཙམ་མེད་པའི་ནས། 

图片

        ནས་ནི་གཙོ་བོ་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཡུན་ནན་སོགས་ས་ཆར་འདེབས་ཀྱི་ཡོད། མཚོ་བོད་ས་མཐོའི་འབྲུ་རིགས་གཙོ་བོ་ཡིན་པའི་ངོས་ནས་འདེབས་འཛུགས་ཀྱི་ལོ་རྒྱུས་ལོ་3500ལས་བརྒལ་ཡོད། 

图片

       ལོ་3500ལྷག་ཙམ་གོང་གི་ལྷོ་ཁའི་གོང་དཀར་འཕྲེང་སྒོ་གནའ་ཤུལ་ནས་ཐོན་པའི་ནས་སོལ་འགྱུར།

图片

       ནས་ཀྱི་འབྱུང་ཁུངས་འཁོད་པའི་ཐང་ག

       རང་རྒྱལ་གྱི་མཐོ་སྒང་ས་ཁུལ་དུ་ནས་ཀྱི་འབྱུང་ཁུངས་སྐོར་གྱི་ངག་རྒྱུན་མང་པོ་ཡོད་མོད་། འོན་ཀྱང་ངག་རྒྱུན་དེ་དག་ཚང་མས་ནས་ཀྱི་ས་བོན་ཐོག་མ་ཐོན་པ་དེ་མཐོ་སྒང་ཤེས་དཔལ་དར་ཞིང་འཕེལ་བའི་འགག་རྩར་བརྩི་ཡི་ཡོད། བོད་ཀྱི་ལོ་རྒྱུས་ཐོག་གི་བོད་བཙན་པོའི་རྒྱལ་རབས་ནི་ནས་ཐོན་འབབ་མང་བའི་ཡར་ཀླུང་ལུང་ཤུར་དུ་ཐོན་པ་ཞིག་རེད། 

图片

       བཙན་པོ་སྲོང་བཙན་སྒམ་པོ་དང་རྒྱ་བཟའ་ཀོང་ཇོའི་འཇིམ་སྐུ།

       ལོ་ངོ་1300ལྷག་ཙམ་གྱི་གོང་བཙན་པོ་སྲོང་བཙན་སྒམ་པོས་དམག་དཔུང་ཁྲིད་དེ་བོད་གཅིག་འགྱུར་གནང་སྐབས། མི་རྣམས་ཀྱིས་ཁོང་ལ་མཚོན་ཆ་གསུམ་ཡོད་ཅེས་བཤད་ཀྱི་ཡོད་ལ། དེ་གསུམ་པོ་ནི་ཚགས་ཤ་སྐམ་པོ་དང་། ཇ་བསྲུབས་མ། རྩམ་པ་བཅས་ཡིན། དེའི་ཁྲོད་ཀྱི་རྩམ་པ་ནི་ནས་ཀྱི་ཐོན་རྫས་རེད། གནའ་བོའི་ནས་ཀྱིས་གྲང་ངར་ཐེག་ཐུབ་པ་དང་། ཐན་པ་ཐེག་ཐུབ་པ། ས་རྒྱུ་ཞན་པ་ཐེག་ཐུབ་པ། དེ་བཞིན་ཐོན་འབབ་མཐོ་བ་བཅས་ཀྱི་སྲ་ཞིང་བརྟན་པའི་གཤིས་རྒྱུད་ལ་བརྟེན་ནས་ས་གཞི་དེའི་ཐོག་གི་མི་རྣམས་གསོ་སྐྱོང་བྱས་ཡོད། 

图片

       འོན་ཀྱང་ས་མཐོའི་ས་ཞིང་གི་ས་རྒྱུ་ཞན་པ་དང་། གནམ་གཤིས་ཁོར་ཡུག་ཞན་པ། སྲོལ་རྒྱུན་གྱི་ས་བོན་ཉམས་ཞན་དུ་འགྱུར་སླ་བ་སོགས་ཀྱི་ཚད་བཀག་ཕོག་པར་བརྟེན་དུས་ཡུན་རིང་པོའི་ནང་ས་ཁུལ་མང་པོ་ཞིག་གི་ནས་ཀྱི་ཐོན་འབབ་དེ་ཙམ་ཡག་པོ་མེད། བོད་ལྗོངས་ཀྱི་ནས་མུའུ་རེའི་ཆ་སྙོམས་ཐོན་ཚད་སྐབས་ཤིག་རིང་སྤྱི་རྒྱ་80ཙམ་ལས་ཟིན་གྱི་མེད་པ་དང་། དེ་ནི་ཐོན་ཚད་ཧ་ཅང་དམའ་པོ་རེད། དེའི་ཐོག་སྔར་ཞིང་ལས་ལག་རྩལ་འཕེལ་རྒྱས་འགྲོ་འགོར་བར་བརྟེན་ནས་དེ་“རང་ཁ་གསོ་བྱེད་ཙམ་གྱི་བཟའ་འབྲུ”ཞིག་ཡིན།

       “རང་ཁ་གསོ་བྱེད་ཙམ་གྱི་བཟའ་འབྲུ”ནས“ཕྱུག་འགྱུར་བཟའ་འབྲུར”གྱུར་བའི་བར།

图片

       “ནས་ཀྱི་འབུམ་རམས་པ”ཉི་མ་བཀྲ་ཤིས།

       ནས་ཀྱི་ཐོན་འབབ་མཐོ་རུ་གཏོང་ཆེད། “ནས་ཀྱི་འབུམ་རམས་པ”ཉི་མ་བཀྲ་ཤིས་ཀྱིས་འཐུས་ཚབ་གནང་བའི་རང་རྒྱལ་གྱི་ཞིང་ལས་ཚན་རིག་མཁས་ཅན་ཚོས་རྒྱུན་ཆད་མེད་པར་འབད་བརྩོན་བྱས་པ་བརྒྱུད་ནས་ཀྱི“གཞི་རྒྱུའི་གསང་བ”རྟོགས་ཡོད། ཁོང་ཚོས་སྔ་རྗེས་སུ་ནས་ཀྱི་སྣ་རིགས་གསར་པ་20ལྷག་ཙམ་འདེམས་གསོ་བྱས་པའི་ནང་“བོད་ནས་ཨང་2000པ”ཡི་ས་བོན་གྱི་ཆ་སྙོམས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་350ཟིན་ནས་བོད་ལྗོངས་ཀྱི་འབྲུ་རིགས་ཀྱི་ལོའི་ཐོན་ཚད་བསྡོམས་འབོར་ཏུན་ཁྲི་100ལས་བརྒལ་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། 

图片       

        གཞོན་དུས་ཀྱི་ཉི་མ་བཀྲ་ཤིས།

       དེ་ནས་བཟུང་ཞིང་འབྲོག་པ་ཚོ་མི་རབས་ནས་མི་རབས་བར་འཚོ་གནས་ཐུབ་པར་བྱེད་མཁན་ནས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཞིག་འཕྲད་པ་དང་། རིམ་གྱིས་རང་ཁ་རང་གསོ་ཁོ་ན་ལས་མི་ཐུབ་པའི་དཀའ་གནད་ལས་གྲོལ་ཏེ། སྲིད་ཇུས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ཐོན་ལས་ཅན་གྱི་ལམ་བུའི་ཐོག་སྐྱོད་འགོ་ཚུགས་ཤིང་། དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཕེལ་ཕྱོགས་གསར་པ་ཞིག་ཏུ་གྱུར་ཡོད།

图片

图片

       ནས་ཀྱི་བག་ལེབ་དང་། ནས་ཀྱི་ནས་ཆག ནས་ཀྱི་ཐུག་པ། དེ་བཞིན་ནས་ཀྱི་བཏུང་བྱ་སོགས་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་སྣ་ཚོགས་ཀྱིས་ནས་ལས་སྣོན་དང་བྲིན་ཚོང་ཐབས་ལམ་རྒྱ་སྐྱེད་བྱས་པ་དང་། ད་ཆ་ནས་ཀྱི་ཐོན་རྫས་རྒྱལ་ཡོངས་སུ་འཚོང་བས་ནས་དེ“ཕྱུག་འགྱུར་འབྲུ་རིགས་”ལ་གྱུར་ཡོད་པ་རེད། 

       “ས་མཐོའི་བཟའ་འབྲུ”ནས་རྒྱལ་སྤྱིའི་ཞིམ་ཟས་བར། 

       གཉིད་ཁུག་དཀའ་ལ་སད་སླ་བ་དང་རྨི་ལམ་མང་ལ་འཚུབ་པའི་མིར། ཆེད་མཁས་པས་Y-ཨེམ་རྨང་ང་སྐྱུར་མང་བའི་འབྲུ་རིགས་མང་ཙམ་ཟ་དགོས་པའི་གྲོས་འགོ་འདོན་གྱི་ཡོད། Y-ཨེམ་རྨང་ང་སྐྱུར་མང་ཤོས་ཀྱི་འབྲུ་རིགས་ནི་ཏག་ཏག་ནས་རེད།

图片

图片

       ཉེ་བའི་ལོ་ཤས་རིང་ནས་ཀྱི་ཐུན་མོང་མ་ཡིན་པའི་འཚོ་བཅུད་རིན་ཐང་དང་བདེ་ཐང་གི་རང་བཞིན་ཤེས་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ནས་ཀྱི་ནང་དུ་འདུས་པའི་ནས་ཀྱི་βརྒུན་འབྲུམ་མངར་རྒྱུ་དང་། བུ་བཙའི་ཧྥུན་རྒྱུ། Y-ཨེམ་རྨང་ང་སྐྱུར་སོགས་གྲུབ་ཆ་ནི་མིའི་ལུས་ཁམས་ལ་ཕན་པ་ཧ་ཅང་ཆེན་པོ་ཡོད། ཁྱད་ཆོས་དེ་རིགས་ལ་གྲོང་ཁྱེར་གྱི་མི་ཚོགས་དང་ལྷག་པར་དུ་ན་གཞོན་རྣམས་ནས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། 

图片

       ད་ཆ་ནས་རྒྱུ་ཆར་བྱས་ནས་བཟོས་པའི་རྒྱལ་ཐོན་ཆང་རག་དང་མེན་པའོ་སོགས་ཡོ་རོབ་དང་ཨ་མེ་རི་ཁ་གླིང་གི་ཁྲོམ་རར་ཕྱིར་ཚོང་བྱས་པར་ས་གནས་དེ་གའི་ཁྲོམ་རའི་དགའ་བསུ་ཐོབ་པ་མ་ཟད། རྒྱལ་སྤྱིའི་ཚད་གཞིའང་ལྡན་ཡོད་པ་རེད། ནས་ཀྱི་ཐོན་རྫས་དེ་གངས་ལྗོངས་ས་མཐོར་ཐོན་སྐྱེད་བྱེད་པའི་ཚོང་ཟོག་གཙོ་བོར་གྱུར་བ་དང་། དེའི་བདེ་ཐང་དང་། དར་སྲོལ། ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཅས་ཀྱི་རྐྱེན་པས་མི་དེ་བས་མང་བའི་ཁས་ལེན་ཐོབ་ཡོད་པ་རེད།

图片

       བཟའ་བཅའི་རིན་ཐང་ཕུད་ནས་ཀྱི་རིག་གནས་རིན་ཐང་ཡང་རྒྱུན་ཆད་མེད་པར་སྔོག་འདོན་བྱེད་བཞིན་ཡོད། མཐོ་སྒང་ས་ཁུལ་དུ་འཚོ་སྡོད་བྱེད་མཁན་མི་རྣམས་ཀྱི་ངོས་ནས་བརྗོད་ན། ནས་ནི་ཟས་རིགས་ཤིག་ཡིན་པ་མ་ཟད། ནས་ཀྱི་ཐོག་བརྩེ་སེམས་དང་སྙིང་སྟོབས་སོགས་རིག་གནས་ཀྱི་ནང་དོན་མང་པོ་ཞིག་འདུས་ཡོད། 


图片



       སྤྱི་ལོ་2021ལོའི་ཟླ་10ཚེས་18ཉིན། གཞིས་རྩེ་གྲོང་ཁྱེར་ནས་ཀྱི་རྟེན་རྫས་བཤམས་མཛོད་ཁང་དངོས་སུ་སྒོ་ཕྱེ་བ་དང་། གང་དེ་རྒྱལ་ཡོངས་ཀྱི“ནས”བརྗོད་བྱ་གཙོ་བོར་བྱས་པའི་གཞུང་ཁོངས་རྟེན་རྫས་བཤམས་མཛོད་ཁང་དང་པོ་དེར་གྱུར་བ་རེད། 

       ད་ཆ་གནའ་བོའི་ནས་དེ་དུས་རབས་གསར་པར་རྣམ་པ་གསར་རྐྱང་གི་ཐོག་ནས་མི་དེ་བས་མང་བས་ཆ་རྒྱུས་ཡོད་པའི་འབྲུ་རིགས་ཤིག་ཏུ་འགྱུར་བཞིན་ཡོད་པ་དང་། དེ་སྔའི“རང་ཁ་གསོ་བྱེད་ཙམ་གྱི་བཟའ་འབྲུ”དེ་ད་ཆ་རྒྱལ་སྤྱིའི་བཟའ་བཅའི་ཁྲོམ་རའི་ཐོག་གི་དར་སོ་ཆེ་བའི་གདམ་ག་ཞིག་ཏུ་གྱུར་ནས་འཕེལ་རྒྱས་ཆེན་པོ་འགྲོ་བཞིན་ཡོད།