བདེ་ཆེན་ཁུལ་གྱིས་ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་ཚོགས་པ་ཚད་ཡོད་ཀུང་སི་དང་བཞུགས་མོལ་ཚོགས་འདུ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་10པའི་ཚེས་26ཉིན་གྱི་ཕྱི་དྲོ་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི། ཏུང་ཧྲི་ཀྲང་ཝང་ཀེང་ཅེ་དང་སྤྱི་ཁྱབ་ཅིང་ལི་ཞུས་ཨན་ཚ་དང་བཅས་པ་དང་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཕྱོགས་གཉིས་པོས་ས་དམ་དང་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་གི་གྲ་སྒྲིག་ལས་དོན་དང་ཤར་གཏོང་བྱས་རྗེས་ཀྱི་ལས་དོན་སོགས་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་གནང་བ་རེད།

        རང་ཁུལ་ཀྱི་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་བཏང་ཚུལ་གྱི་ངོ་སྤྲོད་གསན་རྗེས་ཚོགས་ཞུགས་མི་སྣས་ས་དམ་དང་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པའི་ལས་དོན་ལ་དམིགས་ནས་གཏམ་བཤད་གནང་བ་རེད།

        ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་པས་ཡུན་བོད་ལྕགས་ལམ་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་དུམ་བུའི་འཛུགས་སྐྲུན་དང་དུས་ཡུན་རིང་པོའི་ནང་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ནི་ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་བདེ་ཆེན་ས་མཐོར་བཙུགས་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་གཏིང་ཟབ་བསྟར་བའི་གྲུབ་འབྲས་ཐོབ་པའི་ལག་ལེན་ཞིག་ཡིན་པ་དང་བདེ་ཆེན་ཡུན་རིང་བདེ་འཁོད་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པ་དང་། ཡུན་ནན་ཞིང་ཆེན་གྱི་བོད་འབྲེལ་ཁུལ་གཅིག་པུ་ཡིན་པའི་བདེ་ཆེན་གྱིས་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་རྒྱུར་རེ་སྒུག་ཡུན་རིང་བྱས་པ་དང་ད་ཐེངས་རླངས་འཁོར་ཤར་གཏོང་ཐུབ་པ་དེ་སྒུལ་འཁོར་ཡུན་ནན་གྱི་བོད་འབྲེལ་ཁུལ་དུ་ཐོག་མར་བསྐྱོད་རྒྱུ་ཡིན་ལ་བདེ་ཆེན་གྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཤིག་ཀྱང་འཇོག་ངེས་རེད། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་བདེ་ཆེན་དང་ཚོགས་པའི་དབར་མཉམ་ལས་ཀྱི་འབྲེལ་བ་ཧ་ཅང་ཡག་པོ་བཙུགས་པ་དང་མ་འོངས་པ་སྒུལ་འཁོར་གཉེར་སྐྱོང་བྱེད་རིང་ཡང་མཉམ་ལས་དེ་བས་ཡག་པོ་བྱ་རྒྱུ་ཡིན་པ་རེད། གོམ་སྟབས་རྗེས་མར་བདེ་ཆེན་ཁུལ་གྱིས་ཡུལ་སྐོར་ཁྲོམ་རའི་གཙོ་གཟུགས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆུ་གློག་དང་གཏེར་རྫས་སོགས་ལེགས་ཆའི་ཐོན་ལས་ལ་བརྟེན་ནས་ལྕགས་ལམ་ཟོག་འདྲེན་གྱི་རྩོམ་ཡིག་དེ་ཡག་པོ་ཞིག་བྲིས་ཏེ་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་ཡང་ཐང་ས་ཚིགས་དེ་ཡུན་བོད་ལྕགས་ལམ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་ཟོག་འདྲེན་རྟེན་གཞི་གལ་ཆེན་དང་དངོས་ཟོག་མཁོ་སྤྲོད་བསྡུ་འགྲེམས་རྟེན་གཞིར་ཧུར་ཐག་གཏོད་རྒྱུ་ཡིན་པ་རེད། སྒུལ་འཁོར་ཤར་གཏོང་ཐུབ་རྒྱུར་དམིགས་ནས་བདེ་ཆེན་གྱིས་ནུས་ཤུགས་ཡོད་རྒུས་ཚོགས་པར་གཞོགས་འདེགས་བྱས་ཏེ་ལྕགས་ལམ་གཉེར་སྐྱོང་གི་འབྲེལ་ཡོད་ཚད་གཞི་གཞིར་བཟུང་གྲ་སྒྲིག་ལས་དོན་ཁག་ཞིབ་ཚགས་དང་ཏན་ཏིག་ངང་བསྒྲུབ་རྒྱུ་ཡིན་པ་རེད། བདེ་ཆེན་གྱི་མ་འོངས་པའི་འཕེལ་རྒྱས་ཁྲོད་ཚོགས་པས་སྔར་རྒྱུན་བཞིན་རྒྱབ་སྐྱོར་དང་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་བྱས་ཏེ་“སེམས་ཀྱི་ཉི་ཟླ”ཡི་ཆེ་མིང་དེ་སྔོན་ཆད་ལས་གྲགས་པའི་རེ་བ་ཡོད་ཅེས་བསྟན་པ་རེད།

        ཝང་ཀེང་ཅེ་ཡིས་ཚོགས་པས་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་གཉེར་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཆེད་དོན་ཞིབ་འཇུག་ཐེངས་མང་བྱས་པ་དང་ཀུང་སིས་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དེ་ “མཐུན་སྒྲིལ་ཡར་ཐོན་གྱི་ལམ་བུར་”སོགས་གཏན་འཁེལ་བྱས་པ་དང་འབྲེལ་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ས་ཚིགས་དང་དཔེ་སྟོན་ལམ་ཐིག་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན་པ། གོམ་སྟབས་རྗེས་མར་ཀུང་སིས་དྲིལ་བསྒྲགས་འོས་སྦྱོར་དང་ལས་མི་བསྡུ་སྤྱོད་སོགས་ཕྱོགས་ཁག་ཐད་ནུས་ཤུགས་ཡོད་རྒུས་བདེ་ཆེན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད། ཚོགས་པས་ལེགས་ཆ་འདོན་སྤེལ་བྱས་ཏེ་ལྕགས་ལམ་འཛུགས་སྐྲུན་དང་རིག་གནས་ཡུལ་སྐོར་རྣམ་གྲངས་གསར་སྤེལ་སོགས་ཐད་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་དང་རྒྱ་ཆེར་བཏང་ནས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ་ཞེས་གསུངས་པ་རེད།

        ཁུལ་གྱི་འགོ་ཁྲིད་དབྱང་ཙི་ཅང་དང་། རྒྱ་མཚོ། ཁྲེན་ཆུན། ཀྲུང་གོའི་ལྕགས་ལམ་ཁུན་མིང་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་ཞིན་ཅིན་དང་ཁྲེན་ཕེ་སོགས་བཞུགས་མོལ་ལ་ཞུགས་པ་རེད།