ལུའོ་ཁྲའོ་ཧྥེང་གིས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གྲ་སྒྲིག་གནས་ཚུལ་ལ་བརྟག་དཔྱད་གནང་སྐབས་ནན་བཤད་བྱས་དོན། ཡག་ཐོག་ཡག་བརྩེགས་ཀྱིས་ཞིབ་ཚགས་དང་འཐུས་ཚང་གི་ཞབས་ཞུ་ལ་བརྟེན་ནས་འཛམ་གླིང་གི་”སེམས་ཀྱི་ཉི་ཟླའི"གཟུགས་བརྙན་མངོན་པར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ10པའི་ཚེས་28ཉིན་གྱི་སྔ་དྲོར།  ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་དེ་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོའི་བྱེད་སྒོ་རབ་དང་རིམ་པའི་གྲ་སྒྲིག་གནས་ཚུལ་ལ་བརྟག་དཔྱད་གནང་སྐབས་ནན་བཤད་བྱས་དོན།  རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ལ་དང་དོད་དང་། ཁྱོན་ཡོངས་ལ་ལྟ་རྟོག འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱེད་པའི་མཐོ་ཚད་དུ་ལངས་ནས་བྱེད་སྒོའི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་སྟེ་ནུས་ཤུགས་ཡོད་རྒུ་འདོན་པ་དང་ཡག་ཐོག་ཡག་བརྩེགས་བྱས་ཏེ་ཞིབ་ཚགས་དང་འཐུས་སྒོ་ཚང་བའི་ཞབས་ཞུའི་ཐོག་ནས་ཕྱོགས་བརྒྱད་ཀྱི་མགྲོན་པོར་འཛམ་གླིང་གི་"སེམས་ཀྱི་ཉི་ཟླའི་"གཟུགས་བརྙན་མངོན་པར་བྱེད་དགོས།

        ཉིན་དེར།ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླའི་ཟློས་གར་ཁང་ཆེན་དང་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན།  ནག་ལྕོག་རི་བོའི་རྟ་རྒྱུགས་དང་།  འབྲེལ་ཡོད་མགྲོན་ཁང་སོགས་སུ་ཡུལ་དངོས་ནས་《རྨི་ལམ·འཛམ་གླིང་གི་སེམས་ཀྱི་ཉི་ཟླ་》མི་རིགས་གླུ་གར་ཟློས་གར་གྱི་ཐོག་མའི་འཁྲབ་སྟོན་དགོང་ཚོགས་དང་། རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ། སྟོན་ཁའི་རྟ་རྒྱུགས་དུས་ཆེན་སོགས་ཀྱི་གྲ་སྒྲིག་གནས་ཚུལ་ལ་བརྟག་དཔྱད་གནང་སྟེ།  གནས་ཡོད་པའི་གནད་དོན་དང་མཐུན་སྦྱོར་དང་དོ་སྣང་བྱེད་དགོས་པའི་དོན་དག་རེ་རེ་བཞིན་མཛུབ་སྟོན་བྱས་པ་རེད།

        ལུའོ་ཁྲའོ་ཧྥེང་གིས་ནན་བཤད་བྱས་དོན།གྲ་སྒྲིག་ཚོ་ཆུང་ཁག་གིས་ལས་ཀའི་གཙོ་གནད་ལ་དམིགས་ནས་དུས་ཐོག་ཏུ་ཆད་ལུས་ཞིབ་བཤེར་དང་ཆད་གསབ་བྱས་ཏེ་བརྒྱུད་རིམ་ཞིབ་ཕྲ་འཐུས་ཚང་དུ་གཏོང་བ་དང་།འཛམ་གླིང་གི་"སེམས་ཀྱི་ཉི་ཟླའི་"རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་དེ་ཁྱད་ཆོས་ལྡན་པ་དང་། ཆུ་ཚད་ལྡན་པ། ཕན་འབྲས་ཐོན་པར་བརྩོན་ལེན་བྱེད་དགོས། འབྲེལ་གཏུག་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་བགོས་ཁ་གསལ་བྱས་ཏེ་འགན་འཁྲི་མི་ཐོག་ཏུ་འཁྱོལ་བ་དང་། རྣམ་གྲངས་ཞིབ་ཕྲ་བཟོ་བ། གནད་ལ་འཁེལ་བ་བཅས་བྱས་ཏེ་ཚན་རིག་དང་མཐུན་ཞིང་ལས་ཆོད་ཆེ་བ་དང་། བསྡོམས་སྐར་གོ་རིམ་ལྡན་པ།  མཉམ་སྒྲུབ་གཞོགས་འདེགས་བཅས་ཀྱི་ལས་ཀའི་རྣམ་པ་ཆགས་པར་བྱེད་དགོས།  བྱེད་སྒོ་རབ་དང་རིམ་པའི་དམིགས་ཚད་ལས་འགན་དང་དུས་ཚོད་ཀྱི་མཚམས་ཚིགས་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་ཞིབ་ཕྲའི་གནས་ཚུལ་ལ་སྣང་ཆེན་དང་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་བཀྲག་མདངས་འཚེར་ས་མངོན་པར་བྱས་ནས་རིམ་པ་མང་བ་དང་ཟུར་ཚད་མང་བ། ཕྱོགས་ཡོངས་ནས་བདེ་ཆེན་གྱི་"འཛམ་གླིང་རིམ་པའི་"རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་སོགས་དྲིལ་བསྒྲགས་འགྲེམས་སྟོན་དང་འོས་སྦྱོར་ཡག་པོ་བྱེད་དགོས། འཛམ་གླིང་གི་"སེམས་ཀྱི་ཉི་ཟླའི་"སྐད་གྲགས་ཆོད་ཚད་དང་སྙན་གྲགས་ཆེ་རུ་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། བདེ་འཇགས་དང་། འཕྲོད་བསྟེན། བབ་བསྟུན་སོགས་ཀྱི་ལས་དོན་ལ་མཐོང་ཆེན་བྱས་ནས་བབ་བསྟུན་ཐག་གཅོད་ཀྱི་སྔོན་ཇུས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། བདེ་འཇགས་དོ་དམ་ལམ་ལུགས་དང་བྱེད་ཐབས་ཁག་དོན་འཁྱོལ་ནན་ཏན་བྱེད་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་རྩད་ཞིབ་དང་བཅོས་སྐྱོང་བཅས་བྱས་ཏེ་བྱེད་སྒོ་ཧྲིལ་པོ་བདེ་འཇགས་དང་། གོ་རིམ་ལྡན་པ། འཆམ་མཐུན་བཅས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། ལས་རིགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཉེར་སྐྱོང་དང་ཞབས་ཞུའི་བྱ་སྤྱོད་སྔར་ལས་ཚད་ལྡན་དུ་གཏོང་བ། སྤུས་ལེགས་ནུས་ཆེའི་ཞབས་ཞུར་བརྟེན་ནས་ཡུལ་སྐོར་བའི་ཟ་སྡོད་འགྲོ་སྐྱོད་སོགས་ཐད་ཀྱི་དགོས་མཁོ་སྐོང་བ་བཅས་བྱས་ཏེ་ས་གནས་ཁག་གི་ཡུལ་སྐོར་བ་རྣམས་དགའ་སྤྲོའི་ངང་ཡོང་བ་དང་བློ་ཡིད་ཚིམ་པའི་ངང་ཕྱིར་ལོག་ཐུབ་པ་བྱེད་དགོས།

        ཁུལ་གྱི་འགོ་ཁྲིད་ཁྲེན་ཆུན་དང་། ཀྲང་ཁྲའོ་ཐིང། ཀྲོང་ཞའོ་ཕིང་བཅས་བརྟག་ཞིབ་ནང་ཞུགས་པ་རེད།