སྐབས་དང་པོའི་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་དང་ཏ་ལི་དང་ས་དམ།བདེ་ཆེན་བཅས་མཉམ་འབྲེལ་ཐོག་ཡུན་ནན་ནུབ་བྱང་ཡུལ་སྐོར་སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི་མཉམ་ལས་མཉམ་འབྲེལ་ཚོགས་འདུ་ཐེངས་དང་པོའི་ལས་དོན་བཀོད་གཏོང་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ10པའི་ཚེས27ཉིན།སྐབས་དང་པོའི་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་དང་ཏ་ལི་དང་ས་དམ།བདེ་ཆེན་བཅས་མཉམ་འབྲེལ་ཐོག་ཡུན་ནན་ནུབ་བྱང་ཡུལ་སྐོར་སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི་མཉམ་ལས་མཉམ་འབྲེལ་ཚོགས་འདུ་ཐེངས་དང་པོའི་ལས་དོན་བཀོད་གཏོང་ཚོགས་འདུ་དེ་ཁུལ་ཨུ་སྙན་ཞུ་ཐིང་དུ་འཚོགས་པ་རེད།

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་གསུང་བཤད་གནང་བ་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་གཙོ་སྐྱོང་གནང་།

    ཚོགས་འདུའི་ཐོག་རིག་གནས་ཡུལ་སྐོར་དུས་ཆེན་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་“དཔལ་འབྱོར་ཆེན་པོ་གསུམ་”འཕེལ་རྒྱས་ཤུགས་ཆེན་གཏོང་བའི་བླང་བྱ་གཞིར་བཟུང་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་། ཡུལ་སྐོར་སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་རིམ་སྤོར་གྱི་འཕེལ་ཕྱོགས་གསར་པ་དང་བསྟུན་ནས་སྤྱད་པའི་ཞིབ་ཕྲའི་བྱ་སྤྱོད་ནི་མིག་སྔའི་ཁུལ་ཡོངས་ཀྱི་ལས་དོན་གལ་ཆེན་ཞིག་རེད་ཅེས་བསྟན་པ་རེད།

    ཚོགས་འདུའི་ཐོག་བསམ་བློ་སྔར་བས་གཅིག་གྱུར་དང་ངོས་འཛིན་མཐོ་རུ་བཏང་སྟེ་སྤུས་ཚད་མཐོ་བའི་སྒོ་ནས་སྐབས་དང་པོའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་རབ་དང་རིམ་པ་ཡག་པོ་གཉེར་བའི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་ཏན་ཏིག་གཏོང་དགོས་པ་དང་།རིག་གནས་ཡུལ་སྐོར་དུས་ཆེན་གཉེར་བ་ནི་བདེ་ཆེན་གྱི་གཟུགས་བརྙན་མངོན་པའི་གོ་སྐབས་གལ་ཆེན་ཞིག་དང་ཡུལ་སྐོར་སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་ཐབས་ཤིག དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་བཅས་ཡིན་པ་རེད།  རིག་གནས་ཡུལ་སྐོར་དུས་ཆེན་གྱི་སྟེགས་བུ་དེར་བརྟེན་ནས་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་རྒྱུ་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་ལས་རིགས་ཀྱི་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ། ཡུལ་སྐོར་ཞབས་ཞུའི་རྒྱུ་རྐྱེན་གཙོ་བོ་འཐུས་སྒོ་ཚང་དུ་བཏང་སྟེ་རིག་གནས་ཡུལ་སྐོར་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་ཡུལ་སྐོར་དམངས་ཆེད་དང་།ཡུལ་སྐོར་དམངས་ཕན།ཡུལ་སྐོར་དམངས་ཕྱུག་བཅས་ལ་སྐུལ་འདེད་བཏང་ནས་ཡུལ་སྐོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དེ་བས་ལེགས་པ་ཐོབ་པ་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད།

    ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཁུལ་ཡོངས་ཀྱི་“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་བཙུགས་ཏེ་གཞོགས་འདེགས་དམ་ཟབ་དང་ནུས་ཤུགས་ཡོད་རྒུས་རོགས་ལས་བྱས་ནས་སྐུ་མགྲོན་ལ་ཞབས་ཞུ་དང་འགན་ལེན་བྱེད་པའི་ལས་དོན་ཞིབ་ཚགས་ངང་ཡག་པོ་སྒྲུབ་དགོས་པ་དང་།ཚད་ཡོད་དུས་ཚོད་དམ་འཛིན་གྱིས་བྱེད་སྒོའི་ཞིབ་ཕྲའི་གནས་ཚུལ་ཁག་ལ་ཡང་བསྐྱར་ཞིབ་ལྟ་དང་ཡང་བསྐྱར་ནང་སྦྱོང་བྱེད་པ།བྱེད་སྒོ་ཡོད་ཚད་དང་ཚོགས་འདུ་འཚོག་ཡུལ་དུ་གློག་མཁོ་འདོན་དང་།ཆུ་མཁོ་འདོན།མེ་གསོད།འཕྲིན་སྐྱེལ་སྒྲིག་ཆས་སོགས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ་གནད་དོན་གྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་ནས་“ཆད་ལུས་མེད་པ”འགན་ལེན་ཏན་ཏིག་བྱ་དགོས། དུས་སྟོན་གྱི་ལས་སྟེགས་བེད་སྤྱོད་ཡག་པོ་བྱས་ཏེ་བདེ་ཆེན་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་རིམ་སྤོར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།རིག་གནས་ཡུལ་སྐོར་དུས་ཆེན་གོ་སྐབས་སུ་བྱས་ཏེ་དཔལ་འབྱོར་ཚོང་དོན་བྱེད་སྒོ་ཡག་པོ་སྤེལ་ནས་རང་འགུལ་ངང་གྲོང་ཁྱེར་དང་།རོགས་སྐྱོར་ཚན་པ།ཀུང་སི།ཁེ་ལས་སོགས་དང་མཉམ་ལས་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་།བདེ་ཆེན་གྱི་ཕུན་སུམ་ཚོགས་པའི་ཡུལ་སྐོར་དང་།རིག་གནས།སྤུས་རྟགས་ཐོན་ཁུངས་བཅས་དྲིལ་བསྒྲགས་ཡག་པོ་བྱེད་པ།བདེ་ཆེན་གྱི་ས་བབ་དང་།སྲིད་ཇུས།ཚོང་གཉེར་ཁོར་ཡུག་བཅས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ངོ་སྤྲོད་ཡག་པོ་བྱེད་པ།མཉམ་ལས་ཀྱི་གོ་སྐབས་དང་མ་དངུལ་འཇོག་འདོད་སྔར་ལས་མང་བ་བརྩོན་ལེན་བཅས་བྱེད་ནས་གྲོས་མཐུན་དེ་བས་མང་བ་འཇོག་དགོས།བདེ་ཆེན་གྱི་རི་སྔོན་པོ་དང་ཆུ་དྭངས་མོ།ལྗོངས་ཡག་པོ་བཅས་རྒྱུན་མཐུད་དྲིལ་བསྒྲགས་ཡག་པོ་བྱས་ཏེ་དྲིལ་བསྒྲགས་དང་འདྲེན་རྒྱུན་ཟུང་འབྲེལ་དང་།ཐབས་ལམ་མང་པོར་བརྟེན་ནས་མཐའ་འཁོར་ས་ཁུལ་དང་ཕན་ཚུན་ཡུལ་སྐོར་བྱ་ཡུལ་དང་འགྲུལ་པའི་འབྱུང་གནས་སུ་འགྱུར་བར་སྐུལ་འདེད་གཏོང་བ།སྒུལ་འཁོར་ཤར་གཏོང་ཐུབ་པའི་གོ་སྐབས་དང་བསྟུན་ནས་ཐབས་བརྒྱ་ཇུས་སྟོང་གིས་ཡུལ་སྐོར་བ་ནང་འདྲེན་བྱས་ཏེ་དགུན་དུས་ཀྱི་ཡུལ་སྐོར་རྩོམ་ཡིག་འདི་ཡག་པོ་འབྲི་དགོས་པའི་བླང་བྱ་བཏོན་པ་རེད།

    ཡུས་ཧྲེང་ཞང་དང་མིའོ་ཡིའུ་ཧྥ།དབྱང་ཙི་ཅང་།རྒྱ་མཚོ།ཀུའེ་ཅུན་ལིའུ། ཁྲེན་ཆུན་སོགས་ཚོགས་འདུར་ཞུགས་པ།