《ཕུགས་འདུན•འཛམ་གླིང་གི་སེམས་ཀྱི་ཉི་ཟླ》ཐོག་མའི་འཁྲབ་སྟོན་ལེགས་འགྲུབ་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     ཟླ་10ཚེས་28ཉིན་གྱི་དགོང་མོ་མི་རིགས་ཀྱི་གླུ་གར་ལོ་རྒྱུས་མཚོན་པའི་ཟློས་གར་ཕུགས་འདུན་·འཛམ་གླིང་གི་སེམས་ཀྱི་ཉི་ཟླཞེས་པ་སེམས་ཀྱི་ཉི་ཟླ་ཟློས་གར་ཁང་དུ་འཁྲབ་སྟོན་ཐེངས་དང་པོ་བྱས་པ་རེད།

བདེ་ཆེན་ཁུལ་གྱི་འགོ་ཁྲིད་དང་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོར་གདན་ཞུ་བྱས་པའི་ཞིང་ཆེན་རིམ་པའི་འབྲེལ་ཡོད་འགོ་ཁྲིད་དང་། ཉེ་འབྲེལ་ཁུལ་དང་གྲོང་ཁྱེར་གྱི་འགོ་ཁྲིད།རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིས་འཁྲབ་སྟོན་ལ་གཟིགས་ཡོད།

    ཆུ་ཚོད་བརྒྱད་པ་ཏག་ཏག་ལ་གླུ་གར་གྱི་ལོ་རྒྱུས་སྙན་ངག་ཟློས་གར་དེ་《མི་རིགས་56གིས་མཉམ་དུ་ཆང་གཞས་གཏོང་བ》ཞེས་པའི་ལེ་ཚན་ཁྲོད་འགོ་ཚུགས་པ་དང་། མི་རིགས་ཁག་གི་གཟབ་མཆོར་ལེགས་པར་སྤྲས་པའི་འཁྲབ་སྟོན་པ་ཚོ་ཡོལ་བ་ནས་ཕྱིར་མངོན་ཏེ་ལྟད་མོ་བར་ཁྱད་ཆོས་མངོན་པར་གསལ་བའི་གྱོན་གོས་དང་། རྒྱན་གོས། མཛེས་རྒྱན་བཅས་ཀྱི་ཁྲོད་དུ་གནས་པའི་མི་རིགས་རིག་གནས་ཀྱི་རྣམ་པ་བསྟན་ཡོད། 

    སྙན་འཇེབས་ལྡན་པའི་འགྱུར་ཁུག་དང་བསྟུན་ནས་ལོ་རྒྱུས་ཀྱི་གཏམ་རྒྱུད་རེ་རེ་བཞིན་བརྗོད་ཅིང་། འཁྲབ་ཚན་ནང་དུ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་བརྗོད་དོན་གཙོ་བོར་བྱས་ནས《ས་གཙང》དང《དར་རྒྱས》《ཕུགས་འདུན》དང《འཆམ་མཐུན》བཅས་ཚན་པ་5བརྒྱུད་ནས་བདེ་ཆེན་གྱི་འཕེལ་རྒྱས་ལོ་རྒྱུས་དེ་ནང་དོན་གཙོ་བོར་བྱས་ཏེ་ལོ་རྒྱུས་ཀྱི་དུས་ཚིགས་གལ་ཆེན་ཡིན་པའི་བདེ་ཆེན་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ་དང་། གསོ་རླུང་གིས་མི་འདང་རུང་སྙིང་སྟོབས་མི་ཞན་པ་དང་། དཀའ་སྡུག་ཆེ་ཡང་སྡུག་ལ་མི་འཛེམ་པའི་སྲོལ་བཟང་དར་སྤེལ་བཏང་ནས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་ཕུགས་འདུན་དོན་གཉེར་གྱི་ལམ་བུའི་ཐོག་བསྐྱོད་པའི་གཏམ་རྒྱུད་བརྗོད་ཡོད།

    དེ་དང་ཆབས་ཅིག་འཁྲབ་ཚན་དེ་བདེ་ཆེན་གྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གླུ་གཞས་དང་། བྲོ་གར། རོལ་དབྱངས་ཀྱི་གཞི་རྒྱུ། དུས་རབས་ཀྱི་སྙིང་སྟོབས་བཅས་ཚད་མཐོའི་མཉམ་འདྲེས་ཀྱི་གསར་གཏོད་སྒྱུ་རྩལ་རྣམ་པ་བརྒྱུད་དེ་ཁ་བ་དཀར་པོ་དང་དང་ཇ་རྟ་གནའ་ལམ་སོགས་བདེ་ཆེན་གྱི་དམིགས་བསལ་སྤུས་རྟགས་ཐོན་ཁུངས་དེའི་ཁྲོད་མཉམ་འདྲེས་བྱས་ཏེ་ལོ་མང་རིང་བདེ་ཆེན་འཕེལ་རྒྱས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གང་ལེགས་མངོན་ཡོད། ཧང་སངས་དགོས་པའི་གར་སྟེགས་ཀྱི་ཕན་འབྲས་ལས་ལྟད་མོ་བར་རིག་གནས་ཀྱི་གསོལ་སྟོན་ཆེན་མོ་ཞིག་བཤམས་ནས་སྐུ་མགྲོན་ཚོས་དུས་རབས་གསར་པའི་བདེ་ཆེན་གྱི་མི་རིགས་ཁག་གི་བུ་ཕྲུག་ཚོ་ཞི་མཐུན་མཉམ་གནས་དང་། ཐུན་མོང་ཐོག་འཕེལ་རྒྱས་གཏོང་བ། མཛེས་སྡུག་ལྡན་པའི་རྣམ་པ་གསར་རྐྱང་ཞིག་མྱོང་ཚོར་བྱེད་དུ་བཅུག་ཡོད་ཅིང་ལྟད་མོ་བ་ཚོས་ཐལ་མོའི་རྡེབ་སྒྲ་ཡང་ཡང་གནང་ཡོད།

    འཁྲབ་སྟོན་ཧྲིལ་པོར་མི་རིགས་གླུ་གར་གྱི་རྣམ་པའི་ཐོག་ནས་བདེ་ཆེན་ཁུལ་གྱིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་སོགས་ལོ་རྒྱུས་ཀྱི་གཏམ་རྒྱུད་རབ་དང་རིམ་པ་བརྗོད་པ་དང་མི་རིགས་མཐུན་སྒྲིལ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་ང་ཚོས་ཏང་གི་དྲོད་སྣང་ཉམས་ཚོར་ཐུབ་པ་བྱས་ཡོད།ང་ཚོས་ད་ཆའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་ལྡབ་འགྱུར་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་རྒྱུ་ཡིན་ཞེས་སེམས་ཀྱི་ཉི་ཟླའི་གྲོང་མི་མུའོ་ཙི་ཡིས་འདི་ལྟར་བཤད་བྱུང་།  

    སྙན་ངག་ཟློས་གར་དེ་ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་བཞེངས་ནས་སྐད་གསང་མཐོན་པོས《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》ཅེས་པའི་ཁྲོད་མཇུག་འགྲིལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།《ཕུགས་འདུན·འཛམ་གླིང་གི་སེམས་ཀྱི་ཉི་ཟླ》2023ལོར་ཡུན་ནན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་རིག་གནས་སྤུས་རྟགས་འདུ་འགོད་ལ་བདམས་པ་རེད། བདེ་ཆེན་ཁུལ་མི་རིགས་གླུ་གར་ཚོགས་པས་གསར་གཏོད་བྱས་ཤིང་། མིག་སྔར་བདེ་ཆེན་ཁུལ་ནང་གི་མི་92ལས་གྲུབ་པའི་སྤྱི་ཕན་རང་བཞིན་གྱི་ཆེད་ལས་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ་ཁོ་ན་ཞིག་དེ་ཡིན།  སྔ་ཕྱིར་རྒྱལ་ཡོངས་ཀྱི་རིག་གནས་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་། ས་མཐོའི་གསར་བརྗེའི་རིག་གནས་ཀྱི་རྐང་འཁོར་ཡང་མོ། རིག་གནས་འཛུགས་སྐྱོང་གི་སྔོན་ཐོན་ཚན་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་ཡོད། བརྩམས་ཆོས་ནང་འཁྲབ་ཚན་ཆེ་གྲས《ཁ་བ་དཀར་པོར་བསྟོད་པ》དང་།《སེམས་ཀྱི་ཉི་ཟླ》《ཤམ་བྷ་ལ》སོགས་འཁྲབ་སྟོན་བྱས་ཡོད།  སེམས་ཀྱི་ཉི་ཟླའི་ཚན་སྡེབ་དང་། གངས་རིའི་བུ་ཕྲུག་ཚན་སྡེབ།   བློ་བཟང་ཤེས་རབ་སོགས་ཀྱིས་མཚོན་པའི་སྒྱུ་རྩལ་རྣམ་པའི་ཤེས་ལྡན་པ་མང་པོ་གསོ་སྐྱོང་བྱས་པ་དང་། བདེ་ཆེན་གྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེ་འཁྲབ་ཚན་གྱི་རྣམ་པའི་ཐོག་ནས་ཨུ་རུ་སུ་དང་། འཇར་མན། སུའེ་ཙེར་སོགས་སུ་སྤེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་སྐྲུན་པའི་ཚད་ཤིང་དང་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་བསྐྲུན་པར་བྱས་རྗེས་མི་ཉུང་བ་ཞིག་བཞག་ཡོད།