སྐབས་དང་པོའི་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་ལ་གྲ་སྒྲིག་ལེགས་པོ་བྱེད་བཞིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། སྐབས་དང་པོའི་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་འཆར་ཉེར་ཡོད་པ་དང་བསྟུན། རང་ཁུལ་གྱི་སྡེ་ཚན་ཁག་གིས་སྔ་མོ་ནས་བཀོད་སྒྲིག་བྱས་ཏེ་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ནས་ཕྱོགས་བཞིའི་སྐུ་མགྲོན་ཡུལ་སྐོར་སྤྲོ་འཆམ་སྐྱིད་སྣང་དོད་པོ་ཡོང་བའི་འགན་ལེན་བྱས་ཏེ་བདེ་ཆེན་གྱི་དགུན་དུས་ཡུལ་སྐོར་སྤྲོ་འཆམ་གྱི་རྣམ་པ་གསར་པ་མངོན་པར་བྱེད་རྒྱུ་རེད

        ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་ནུས་ཤུགས་ཡོད་རྒུས་རིག་གནས་ཡུལ་སྐོར་དུས་ཆེན་སྲུང་སྐྱེལ་བྱེད་པ།

        འཐབ་ས་དང་པོ་བརྟན་སྲུང་བྱས་ནས་མང་ཚོགས་ཕྱིར་སྐྱོད་ཀྱི་དུས་བདེའི་ལམ་བུ་གསལ་སྟོན་བྱེད་པ།ཁུལ་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་འགྲིམ་འགྲུལ་འགན་ལེན་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་གཤམ་འོག་ཏུ་ཕྱོགས་བསྡུས་མཐུན་སྦྱོར་ཚོགས་ཆུང་དང་བྱེད་སྒོའི་ལས་འཛིན་ཚོགས་ཆུང་གཞུང་ལམ་ཤར་གཏོང་འགན་ལེན་ཚོགས་ཆུང་སོགས་འགན་ནུས་ཚོགས་ཆུང་8བཙུགས་ནས་འགྲིམ་འགྲུལ་འགན་ལེན་གྱི་བྱ་ཐབས་ཁག་དོན་འཁྱོལ་བྱས་པ་རེད།

        མཛེས་ལྗོངས་ཁུལ་སྲུང་སྐྱོང་བྱས་ནས་འགན་འཁྲི་མངོན་གསལ་དོད་པོ་འཁུར་བ།རང་ཁུལ་གྱི་མཛེས་ལྗོངས་ཁུལ་ཁག་གིས་དགུན་དུས་ཀྱི་ཡུལ་སྐོར་གཟིགས་སྐྱོང་བྱེད་སྒོ་སྤེལ་བ་རེད།2023ལོའི་ཟླ11པ་ནས་2024ལོའི་ཟླ3པའི་བར་བདེ་ཆེན་ཡུལ་སྐོར་ཚོགས་པའི་མངའ་འོག་པོ་ཏ་མཚོ་དང་།སྟག་མཆོང་གྲོག་རོང་།ཆུ་དཀར་ཆུ་ནག ཁ་བ་དཀར་པོ།ཏན་སྤྲེའུ་སྤུ་སེར།རིག་གནས་བཤམས་སྟོན་ལྟེ་གནས་བཅས་མཛེས་ལྗོངས་ཁུལ6གིས་མགྲོན་ཚོགས་མི་འདྲ་བར་དགུན་དུས་ཀྱི་ཡུལ་སྐོར་གཟིགས་སྐྱོང་བྱེད་སྒོ་སྤེལ་རྒྱུ་རེད།གཞན་ཡང་ཡུན་བོད་ལྕགས་ལམ་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་བྱས་པའི་ཉིན་ནས་བཟུང་ཉིན་5བསྟུད་མར་དམིགས་ཡུལ་ས་ཆ་སེམས་ཀྱི་ཉི་ཟླ་ཡིན་པའི་སྒུལ་འཁོར་སྤ་སེ་ལ་བརྟེན་ནས་ལྗོངས་ཁུལ་གྱི་སྤ་སེ་ཚང་མ་རྩ་ཆག་གཏོང་བའི་སྲིད་ཇུས་ལོངས་སུ་སྤྱོད་ཐུབ།

        དང་བླངས་ཞབས་ཞུ་ལེགས་པོ་སྒྲུབ་པ།གུང་གཞོན་སྡེ་ཚོགས་བདེ་ཆེན་ཁུལ་ཨུས་སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་གི་སློབ་གྲྭར་ཡོད་པའི་སློབ་ཆེན་སློབ་མ་དང་། སློབ་ཆེན་སློབ་མའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ། དེ་བཞིན་ཁུལ་རིམ་པའི་ལས་ཁུངས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པའི་ལས་བཟོ་བ་ཁྱོན་130ལྷག་ཙམ་ལས་གྲུབ་པའི་གཞོན་ནུའི་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་པ་དང་། དང་བླངས་པ་ཚོས་དམིགས་འཛུགས་ཞབས་ཞུ་བྱ་ཡུལ་དུ་བསྐྱོད་དེ་ཡ་རབས་ངང་ཕྱིར་སྐྱོད་པ་དང་ཡ་རབས་ངང་ཡུལ་སྐོར་བྱེད་པ་སོགས་ཀྱི་དང་བླངས་ཞབས་ཞུ་བྱས་ནས་རྒྱ་ཆེའི་ཡུལ་སྐོར་བ་དང་མང་ཚོགས་ལ་སྟབས་བདེ་དང་སེམས་པ་དྲོ་བའི་དང་བླངས་ཞབས་ཞུ་སྒྲུབ་པ་རེད།

        ལས་དོན་ཚོགས་ཆུང་ཁག་གིས་ནུས་ཤུགས་ཡོད་རྒུས་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་པ།

        མིག་སྔར་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་འགོ་ཚུགས་མཛད་སྒོའི་གར་སྟེགས་བསྐྲུན་ཟིན་པ་དང་། ཁུལ་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭ་ནས་སྐོང་འཐེན་བྱས་པའི་སློབ་མ་100ནང་སྦྱོང་བྱེད་བཞིན་ཡོད།སེམས་ཀྱི་ཉི་ཟླ་ཟློས་གར་ཁང་ཆེ་མོའི་ནང་མི་རིགས་གླུ་གར་གྱི་ལོ་རྒྱུས་སྙན་ངག་ཟློས་གར《རྨི་ལམ·འཛམ་གླིང་གི་སེམས་ཀྱི་ཉི་ཟླ་》ཞེས་པའི་འཁྲབ་སྟོན་མི་སྣས་ཀྱང་གར་སྟེགས་སྟེང་ནང་སྦྱོང་བྱེད་བཞིན་ཡོད།

        གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཚོགས་ཆུང་གིས་རྒྱུན་རྣམ་ཅན་གྱི་སྒོ་ནས་བཅོས་སྒྲིག་ལས་དོན་སྤེལ་ཏེ་གྲོང་ཁུལ་སྔོ་ལྗང་ཅན་དང་འོད་སྣང་ཅན་དུ་འགྱུར་རྒྱུར་ཤུགས་སྣོན་རྒྱག་པ་དང་།མེ་འཁོར་བབས་ཚུགས་སྔོ་འགྱུར་མཛེས་བཟོ་བྱ་རྒྱུ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་གྱི་གྲས་ཤིག་ཡིན་པའི་ངོས་ནས་རྣམ་གྲངས་དེར་ཡང་སྐུལ་འདེད་མགྱོགས་པོ་གཏོང་བཞིན་ཡོད་པ་རེད།

        ཡུལ་སྐོར་འཕེལ་རྒྱས་ཚོགས་དོན་ཚོགས་ཆུང་གིས་ཚོགས་འདུ་བདེ་བླག་ངང་འཚོག་རྒྱུར་གྲ་སྒྲིག་བྱ་རྒྱུར་དམ་འཛིན་བྱས་པ་དང་།སྟོན་དུས་རྟ་རྒྱུག་དུས་ཆེན་གྱི་བྱེད་སྒོའི་ཚོགས་ཆུང་རྟ་རྒྱུག་ཐང་དུ་ལས་ལ་བྲེལ་བཞིན་པ། འགྲིམ་འགྲུལ་འགན་ལེན་ཚོགས་ཆུང་གིས་འགྲིམ་འགྲུལ་བདེ་འཇགས་སྔོན་འགོག་ཚོད་འཛིན་དྲ་བ་རྒྱུན་ཆད་མེད་པར་ཚགས་དམ་དུ་བཏང་བཞིན་པ། ལས་དོན་ཚོགས་ཆུང་12་ཀྱིས་བདེ་ཆེན་ཕྱོགས་ཡོངས་ནས་འགྲེམས་སྟོན་དང་།བདེ་ཆེན་དྲིལ་བསྒྲགས། བདེ་ཆེན་འོས་སྦྱོར་བཅས་བྱས་ཏེ་བདེ་ཆེན་གྱི་ཕྱི་ཕྱོགས་སྐད་གྲགས་ཆོད་ཚད་དང་སྙན་གྲགས་ཆེ་རུ་གཏོང་བ། ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།

        རང་ཁུལ་གྱིས་ཡུལ་སྐོར་བཟའ་བཏུང་དང་ཞག་སྡོད་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣན་པ།   

        ཉིན་ཤས་གོང་གསར་འགོད་པས་བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་དང་གུང་གཞོན་སྡེ་ཚོགས་བདེ་ཆེན་ཁུལ་ཨུ་ནས་ཤེས་རྟོགས་བྱུང་བར།རང་ཁུལ་གྱིས་གསོ་སྦྱོང་རབ་དང་རིམ་པ་བྱས་པ་བརྒྱུད་ཁུལ་ཡོངས་ཀྱི་ཡུལ་སྐོར་དང་བཟའ་བཏུང་།ཞག་སྡོད་སོགས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཤུགས་ཆེན་བཏང་ནས་སྐབས་དང་པོའི་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་ལ་རམ་འདེགས་བྱས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན་བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་དང་གུང་གཞོན་སྡེ་ཚོགས་བདེ་ཆེན་ཁུལ་ཨུས་ཟླ་9པ་ནས་བཟུང་ལས་ཀའི་ཇུས་གཞི་ཞིབ་ཕྲ་བཟོས་ཏེ་རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་འགན་འཁུར་བའི་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བ་དང་སྐར་མ་རིམ་པའི་མགྲོན་ཁང་གི་ལས་ཞུགས་མི་སྣའི་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བ། གཞོན་ནུའི་ཞབས་ཞུའི་དང་བླངས་པའི་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བ་སོགས་ཀྱི་གསོ་སྦྱོང་བྱེད་སྒོ་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་སྤེལ་ནས་ཡུལ་སྐོར་སྣེ་ལེན་ཞབས་ཞུའི་ཆུ་ཚད་དེ་བས་ཚད་ལྡན་དང་དེ་བས་སྒོ་ནས་དྲོད་སེམས་ཡོད་པར་བརྩོན་ལེན་བྱས་པ་རེད།