འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོའི་དམ་བཅའ་ཚོགས་འདུ་སྟེ་དང་བླངས་ཞབས་ཞུའི་དར་ཆ་སྤྲོད་པའི་མཛད་སྒོ་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-10-28   རྩོམ་ཁུངས།    ​སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ10པའི་ཚེས་26ཉིན་གྱི་དགོང་མོར།  འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོའི་དམ་བཅའ་ཚོགས་འདུ་སྟེ་དང་བླངས་ཞབས་ཞུའི་དར་ཆ་སྤྲོད་པའི་མཛད་སྒོ་སེམས་ཀྱི་ཉི་ཟླའི་ཟློས་གར་ཁང་ཆེན་མོར་སྤེལ་བ་དང་།  སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་དང་།  སློབ་ཆེན་སློབ་མའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ།  ལས་ཁུངས་ཀྱི་ཁེ་ལས་བྱ་གཞག་ཚན་པ་དང་སྤྱི་ཚོགས་རྩ་འཛུགས་སོགས་ཁོངས་གཏོགས་ཀྱི་དང་བླངས་པ་130་ཡིས་དམ་བཅའ་བཞག་པ་རེད།

        ཁུལ་ཨུའི་རྒྱུན་ཨུ། ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ། འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོའི་གྲ་སྒྲིག་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་རྒྱ་མཚོས་དང་བླངས་པའི་འཐུས་མི་ལ་དར་ཆ་སྤྲོད་པ་མ་ཟད་སྐུལ་སློང་གཏམ་བཤད་བྱས་པ་རེད།

        ཤེས་གསལ་བྱུང་དོན།དང་བླངས་ཞབས་ཞུ་རུ་ཁག་གི་འོག་ཏུ་ཕྱོགས་བསྡུས་མཐུན་སྦྱོར་དང་། སྣེ་ལེན་གུས་ལུགས། ཚོགས་རར་ཞབས་ཞུ། འགྲིམ་འགྲུལ་སྣེ་ཁྲིད་བཅས་ཡན་ལག་རུ་ཁག་4བཀོད་སྒྲིིག་བྱས་ཡོད་པ་དང་།  ཐེངས་འདིའི་འཛམ་གླིང་གི་"སེམས་ཀྱི་ཉི་ཟླའི་"རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོའི་རིང་ཚོགས་ར་དང་སྐུ་མགྲོན་སྡོད་གནས། བསུ་སྐྱེལ་རླངས་འཁོར་དང་ལྟ་སྐོར་བྱེད་ས་ཁག་གིས་སྐུ་མགྲོན་ལ་ཚོགས་འདུའི་ཡིག་ཆ་དང་དཔྱད་ཡིག་སྤྲོད་པ་དང་། རླངས་འཁོར་འཇོག་སའི་མཛུབ་ཁྲིད་དང་དམིགས་སའི་དྲན་སྐུལ། ལམ་ཐིག་སྣེ་ཁྲིད། ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་སོགས་ཚོགས་ཆེན་གྱི་དང་བླངས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།

        ཚོགས་འདུའི་གོང་།དང་བླངས་པས་བདེ་ཆེན་ཁུལ་གྱི་གནས་ཚུལ་དང་།  དམངས་སྲོལ་གོམས་གཤིས།  ལྗོངས་ཁུལ་གྱི་མགྲོན་ཁང་ཞག་སྡོད་མཚམས་སྦྱོར།  ཞབས་ཞུའི་གུས་ཞུགས། འཛམ་གླིང་གི་"སེམས་ཀྱི་ཉི་ཟླའི་"རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོའི་བྱེད་སྒོའི་ཞབས་ཞུའི་ངོ་སྤྲོད་དང་། ཁྲིད་སྟོན། འབྲེལ་ཡོད་བློ་འདྲི་དང་དེ་བཞིན་ཞབས་ཞུ་གཞན་དག་སོགས་ཐད་ཀྱི་ནང་དོན་གསོ་སྦྱོང་བྱས་པ་རེད། དང་བླངས་པས་ཐེངས་འདིའི་ཡུལ་སྐོར་དུས་ཆེན་ཐོག་ལྷག་བསམ་རྣམ་དག་དང་། སེམས་རྩ་འཁོལ་པོ། གཅེས་སེམས། ཞིབ་ཚགས། ངང་རྒྱུད་རིང་པོ་བཅས་བཅངས་ནས་རྣམ་པ་ཡག་ཤོས་དང་ཞབས་ཞུ་ཡག་ཤོས་ཀྱི་ཐོག་ནས་ནུས་ཤུགས་ཡོད་རྒུས་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་བདེ་ཆེན་གཞོན་ནུ་སྐྱོན་བྲལ་ཡར་ཐོན་དང་ཧུར་བརྩོན་སྤྲོ་སེམས་ཀྱི་མཛེས་སྡུག་ལྡན་པའི་གཟུགས་བརྙན་མངོན་པར་བྱ་རྒྱུ་ཡིན་པ་རེད།